དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • འཕྲལ་སྡོམ་ཤེས་བྱ་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

     འདི་ནི་སློབ་མས་ཆུ་ནང་སྲོག་སྐྱོབ་སྒྲིག་ཆས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་སློབ་མས་མེ་གསོད་མི་སྣའི་ཉལ་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

    ཉིང་ཁྲི་གྲོང་ཁྱེར་བརྒྱད་གཅིག་སློབ་འབྲིང་གི་དགེ་སློབ་58ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་སྒར་ཁུལ་དུ་བསྐྱོད་དེ། ས་ཆ་དངོས་སུ་མེ་ཟོན་རོགས་སྐྱོབ་མི་སྣའི་འཚོ་བ་ཉམས་ལེན་དང་མེ་ཟོན་མི་སྣ་དང་མཉམ་དུ་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ཏེ། མེ་གསོད་མི་སྣའི་ས་ནས་འཕྲལ་སྡོམ་ཤེས་བྱ་སློབ་སྦྱོང་བྱས་པ་རེད།

    རུ་འབྲིང་གི་དྲིལ་བསྒྲགས་མི་སྣས་དགེ་སློབ་སྒྲིག་འཛུགས་བྱས་ཏེ་ཉེ་བའི་ལོ་ཤས་རིང་གི་མེ་སྐྱོན་གྱོད་དཔེ་བལྟས་ནས་ནགས་ཚལ་མེ་སྐྱོན་གྱི་གཞི་རྩའི་ཤེས་བྱ་དང་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་རྨང་གཞིའི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་དགེ་སློབ་ཚོས་ད་དུང་མེ་གསོད་མི་སྣའི་ཉལ་ཁང་དང་གཟེངས་རྟགས་ཁང་ལ་ལྟ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།