དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    “སེམས་ཁྲལ་མེད་པ་བཞིའི”སྐར་ཁུང་བཏོད་ནས“གཅིག་འཐུས་རྣམ་པའི”ཞུ་གཏུག་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དམངས་ཕན་ཞུ་གཏུག་དང་གཏུག་བཤེར་དབང་ཆ་ཤར་བགྲོད་ལ་དམིགས་ཏེ། སྐར་ཁུང་དུ་གྱོད་དོན་ཐོ་འགོད་དང་། ཡིག་ཆ་བསྡུ་ལེན། རྩོད་གཞི་འདུམ་འགྲིག ཡིག་འབུལ་ཞུ་བཅར་ཤར་གཏོང་བཅས་ལ་སེམས་ཁྲལ་མེད་པ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། འགལ་ཟླ་དང་རྩོད་གཞི་དྲང་གཞག་དང་། ཕན་འབྲས་ཆེ་བ། ངོ་བོའི་རང་བཞིན་བཅས་ཀྱི་སྒོ་ནས་སེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།

    སྐར་ཁུང་དུ་གྱོད་དོན་ཐོ་འགོད་ལ་སེམས་ཁྲལ་མེད་པ།

    ཞུ་གཏུག་གི་ཁྲིད་སྟོན་རིགས་དང་། དམངས་ཕན་ཞབས་ཞུའི་རིགས། ཞུ་གཏུག་གི་རམ་འདེགས་རིགས། རྩོད་གཞི་ཐག་གཅོད་རིཌ། ལས་ཕྱོད་ཆེར་གཏོང་རིགས། འདྲི་གཅོད་ལས་དོན་རིགས་བཅས་ལ་གཞིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཞུ་གཏུག་ཞབས་ཞུའི་སྐར་ཁུང་བཙུགས་པ་དང་། གྱོད་དོན་ཐོ་འགོད་ཀྱི་དཔྱད་ཡིག་ཡོངས་བསྒྲགས་རྩིས་ཐོ་བཟོས་པ། བདག་སྤྲོད་ཀྱི་ཆ་རྐྱེན་དང་མཐུན་པའི་ཞུ་གཏུག་གྱོད་གཞི་ས་གནས་ས་ཐོག་ཏུ་གྱོད་དོན་ཐོ་འགོད་བྱས་པ། ཡུལ་དངོས་སུ་བསྐྱོད་ནས་དཔྱད་གཞིའི་ཡིག་ཆ་འདོན་སྤྲོད་བྱེད་དགོས་ངེས་ཕུད། དེ་བྱིངས་ཚང་མ་དྲ་ཐོག་ནས་གྱོད་དོན་ཐོ་འགོད་བྱས་ཡོད།

    འདི་ལོ་ཚུན་དུ། ཞུ་གཏུག་ཞབས་ཞུ་ལྟེ་གནས་ཀྱིས་གྱོད་གཞི་སྣ་ཚོགས་276བདག་སྤྲོད་བྱས་པའི་ནང་། ཐོ་འགོད་བྱས་པའི་གྱོད་གཞི་60དང་དྲ་ཐོག་ནས་ཐོ་འགོད་བྱས་པའི་གྱོད་གཞི་17ཡོད་པ་དང་། དེ་བྱིངས་གྱོད་གཞི་ཚང་མ་དུས་བཀག་ནང་ཞིབ་བཤེར་བྱས་ནས་ཐོ་འགོད་བྱས་པ་མ་ཟད་རྩིས་སྤྲོད་ཀྱང་བྱས་ཡོད།

    ཡིག་རིགས་བསྡུ་ལེན་ལ་སེམས་ཁྲལ་མེད་པ།

    དམངས་བདེ་དམངས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཞུ་གཏུག་གི་གྲོན་དངུལ་ཐད་ཀར་སྤྲོད་པ་དང་མཛོད་འཇུག་ལས་དོན་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ཏེ། དོ་བདག་ཕྱིར་དོན་མི་དགོས་པར་ལག་ཐོགས་ཁ་པར་ནས་བརྡ་ཐོའི་སྟེང་གི་རྩ་གཉིས་ཨང་རྟགས་བཤེར་ནས་ཞུ་གཏུག་གྲོན་དངུལ་ཐད་ཀར་སྤྲོད་ཆོག་པ་བཟོས་པ་དང་། ཁྲིམས་འཛིན་རོགས་སྐྱོབ་ཡིག་ཆ་སྐྱེལ་བའི་ཆེད་སྤྱོད་སྐད་འཕྲིན་བཟོས་ནས་དོ་བདག་གིས་གནས་ཚུལ་བློ་འདྲི་དང་། དཔང་ཡིག་སྐྱེལ་བ། ཡིག་ཆ་ཁ་གསབ་བཅས་བྱེད་ཆོག་གི་ཡོད།

    རྩོད་གཞི་འདུམ་འགྲིག་ལ་སེམས་ཁྲལ་མེད་པ།

    ཞུ་གཏུག་རྒྱག་མི་དགོས་པར་རྩོད་གཞི་འདུམ་པའི་ལམ་སྲོལ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་ཞུ་གཏུག་ཡོང་ཁུངས་བཅོས་སྒྲིག་མ་ལག་དང་མཉམ་འདྲེས་བྱས་ཏེ། 《གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་གཞི་རྙོག་འཛིང་ཆེ་བ་དང་ལས་སླ་བ་ཁག་བགོས་དང་མྱུར་གཅོད་འདྲི་གཅོད་སྐོར་གྱི་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་གྱི་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》བཟོས་པ་དང་། “སྤུས་ཕན་གཅིག་སྒྲིལ”གྱི་ཁྲིམས་འཛིན་འདུ་ཤེས་ལག་ལེན་བསྟར་ནས་གྱོད་གཞིའི་དོན་དངོས་ཁ་གསལ་བ་དང་། དབང་ཆ་དང་འོས་འགན་གྱི་འབྲེལ་བ་གསལ་བ། དོ་བདག་དབར་རྩོད་པ་ཆེན་པོ་མེད་པའི་དམངས་དོན་ཚོང་དོན་གྱོད་གཞི་སྟབས་བདེ་ཁག་བགོས་ཏེ་ཆེད་བསྐོས་འདུམ་འགྲིག་པ་དང་མྱུར་གཅོད་ཁྲིམས་དཔོན་གྱིས་སྒོ་རྩར་རྩོད་གཞི་འདུམ་འགྲིག་གི་ཞབས་འདེགས་ཞུས་པས། གྱོད་གཞི་མགྱོགས་མྱུར་ཐོ་འགོད་དང་། མགྱོཌ་མྱུར་འདུམ་འགྲིག མགྱོགས་མྱུར་ཁྲིམས་གཅོད། མགྱོགས་མྱུར་ཁྲིམས་ཐག་ཆོད་པ་བཅས་བྱུང་སྟེ། དོ་བདག་ཕར་འགྲོ་ཚུར་འོང་བྱེད་ཉུང་དུ་སོང་བ་དང་ཕྱོགས་ཡོངས་ནས་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད།

    ཡིག་འབུལ་ཞུ་བཅར་ཤར་གཏོང་ལ་སེམས་ཁྲལ་མེད་པ།

    “ཡིག་འབུལ་ལ་ལན་ངེས་པར་དུ་ཡོད་པར་བྱེད་པའི”ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། གྱོད་གཞི་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་མཐའ་དཔྱོད་དང་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་གྱོད་གཞི་དང་ལེན་བྱེད་སྐབས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་མངོན་མེད་རྐྱེན་ངན་སྔ་སྣུར་དུ་གྲལ་བཤེར་བྱས་པ། དུས་སྐབས་གལ་ཆེན་དུ་གྱོད་གཞིའི་མངོན་མེད་རྐྱེན་ངན་ལ་མཐའ་དཔྱོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཡིག་འབུལ་ཞུ་བཅར་ཐོན་བཟོ་ཡོད་པའི་གྱོད་གཞིར་དུས་ཐོག་ཏུ་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གོ་རིམ་ལག་ལེན་བསྟར་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐག་གཅོད། སྔ་ཙམ་སེལ་བ་བཅས་བྱས་ཡོད། གྱོད་གཞིར་དམིགས་ནས་ཕྱིར་འདྲི་དང་། ཁྲིམས་དཔོན་གྱི་ཡིག་འབུལ་ཞུ་བཅར་ཁེབས་ཁྱོན་དང་དེ་བཞིན་ཡིག་འབུལ་ཞུ་བཅར་སྣེ་ལེན་གྱི་སྐར་ཁུང་། ཡིག་འབུལ་ཞུ་བཅར་གྱི་ཐད་སྦྲེལ་ཁ་པར། ཁྲིམས་རྩོད་པའི་ཞབས་ཞུའི་ས་ཚིགས་སོགས་ཀྱི་རྣམ་པ་རྒྱ་སྐྱེད་བཏང་བ་དང་། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་དམིགས་ནས་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ཏེ་དབྱེ་ཞིབ་དང་མཐའ་དཔྱོད་བྱེད་པ་དང་། ཆེད་དོན་སྔོན་ཇུས་བཟོ་བ། བཅའ་ཁྲིམས་གསལ་འགྲེལ་ཡག་པོ་བྱེད་པ། དོགས་གཞིར་ལན་འདེབས་པ་བཅས་བྱས་ཏེ་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་འཕྲད་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།