བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས།
ཐག་འཁྱུད་རོགས་སྐྱོབ་སྦྱོང་བརྡར་བྱས་པ།
པར་འདི་དག་ནི་རུ་མིས་ཐག་འཁྱུད་རོགས་སྐྱོབ་སྦྱོང་བརྡར་བྱེད་བཞིན་པ།
“ཉེན་ཁ་སྣ་ཚོགས་དང་འཕྲལ་སྡོམ་ཆེན་པོའི”འགན་ནུས་ཀྱི་ངེས་གནས་ལ་སྔར་བས་དམིགས་པ་དང་། འགག་རྩའི་དུས་སུ་ཐག་པར་བརྟེན་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོབ་བྱེད་པ། དངོས་འཐབ་ཅན་དང་རྙོག་འཛིང་ཅན་གྱི་ཆ་རྐྱེན་འོག་བཀོད་འཐབ་པའི་ཕྱོགས་བསྡུས་རོགས་སྐྱོབ་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱ་ཆེད། ཉེ་ཆར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་ལྷ་སར་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཐག་འཁྱུད་རོགས་སྐྱོབ་སྦྱོང་བརྡར་བྱས་ཤིང་། མི་རེ་རེས་ལས་སྒྲུབ་དང་མི་རེ་རེར་དམར་ཁྲིད་ཀྱི་བྱེད་ཐབས་སྤྱད་དེ་དངོས་སྦྱོང་སློབ་ཁྲིད་བྱས་པ་མ་ཟད། རོགས་སྐྱོབ་མི་སྣ་ཚང་མར་ནན་ཏན་གྱིས་སློབ་སྦྱོང་དང་ཡང་ཡང་སྦྱོང་བརྡར་བྱེད་དགོས་པའི་རེ་བ་ནན་པོ་བཏོན་ཏེ། སྦྱོང་བརྡར་གྱི་དམིགས་ཡུལ་གྲུབ་པ་དང་ཕན་འབྲས་ཀྱང་ཆེན་པོ་ཐོན་པ་རེད།
ཐག་འཁྱུད་སྦྱོང་བརྡར་བརྒྱུད་དཔུང་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། ཐག་འཁྱུད་རོགས་སྐྱོབ་ལག་རྩལ་དང་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཞིང་། རོགས་སྐྱོབ་མི་སྣས་ཛ་དྲག་དང་། དཀའ་ངལ། ཉེན་ཁ། གལ་ཆེན་བཅས་ཀྱི་རོགས་སྐྱོབ་ལས་འགན་ཁྲོད་ཀྱི་ཐག་འཁྱུད་རྩལ་ནུས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་ནས། ཕྱོགས་བསྡུས་ལས་འགན་སྒྲུབ་རིང་དཔུང་ཁག་གི་རོགས་སྐྱོབ་དང་ཐག་གཅོད་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།