དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • པར་རིས་དགའ་ཚལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཉེ་ཆར། ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ནན་ཅིང་སློབ་གྲྭ་དང་པོའི་ཁྲང་པའེ་ཏའོ་ཡན་ལག་སློབ་གྲྭ་དང་པོས“ལོ་ལེགས་རིག་གནས་དུས་ཆེན”བརྗོད་དོན་གཙོ་བོར་བྱེད་པའི་སློབ་གྲྭའི་བྱེད་སྒོ་སྤེལ་ཞིང་། དགེ་རྒན་གྱིས་ཕྲུ་གུ་ཚོའི་སྣེ་ཁྲིད་དེ་ལོ་ལེགས་དུས་ཆེན་གྱི་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་བྱས་ནས་ལོ་ལེགས་ཀྱི་སྲོལ་རྒྱུན་དམངས་སྲོལ་ཤེས་རྟོགས་བྱས་པ་རེད། འདི་ནི་དགེ་རྒན་གྱིས་ཕྲུ་གུ་ཚོའི་སྣེ་ཁྲིད་དེ་སོ་ནམ་རིག་གནས་ཉམས་ལེན་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཤིན་ཐེན་རྫོང་ཅི་གྲོང་རྡལ་ཧྥེ་ཡོན་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་རི་ལྡེབས་ཀྱི་ཁམ་བུའི་ནགས་ཚལ་མུའུ་110ལྷག་ཙམ་ལ་ཐན་པ་བཟོད་ཐུབ་པའི་ཞོག་ཁོག་མངར་མོ་བཏབ་པས། ས་ཞིང་སྤྱོད་ཚད་དང་ལོ་ཏོག་ཐོན་ཚད་མང་དུ་ཕྱིན་པ་དང་ཆབས་ཅིག་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་སོང་བ་དང་ཞིང་པའི་འབབ་འཕར་ལ་སྐུལ་མ་ཐེབས་ཡོད་པ་རེད།

    འདི་ནི་ཉེ་ཆར། ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཤིན་ཐེན་རྫོང་ཅི་གྲོང་རྡལ་ཧྥེ་ཡོན་གྲོང་ཚོའི་ཞིང་པ་ཚོས་ཞོག་ཁོག་མངར་མོ་དབོར་བཞིན་པ།

    ཉེ་ཆར། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ལུའུ་ཧྲེང་ཀུའེ་ཡིས་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཤང་ཧྲན་ཡཱ་ཧྥན་ལྟེ་གནས་སུ་སྲོལ་རྒྱུན་རི་མོ་འབྲི་བའི་པིར་རྩལ་ངོམ་སྐབས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་ཞུགས་མཁན་གྱི་ལུས་རྩལ་པ་དང་སྐུ་མགྲོན་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

    ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་གནས་པའི་ནན་ཞུན་གནའ་གྲོང་གི་མཚན་མོའི་མཛེས་ལྗོངས་ཡིད་དུ་འོང་བ་དང་། གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་འཕྲོག

    འདི་ནི་ཡུལ་སྐོར་བས་གྲུ་གཟིངས་ལ་བསྡད་ནས་ནན་ཞུན་གནའ་གྲོང་གི་ཆུ་འགྲམ་གྱི་མཛེས་ལྗོངས་ལ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།