ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཉེས་དོན་ཉེན་རྟོག་པས།
རྒྱུ་ནོར་འཕྲོག་བཅོམ་གྱི་གྱོད་གཞི་ཞིག་མགྱོགས་མྱུར་རྩད་ཆོད་པ།
ཟླ་9ཚེས་12ཉིན་གྱི་ཆུ་ཚོད་10ཙམ་ལ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ལ་ཤངས་ཆུ་ནུབ་ལམ་ཉེ་འགྲམ་དུ་མི་ཞིག་གི་རྒྱུ་ནོར་འཕྲོག་བཅོམ་བྱས་པའི་ཉེན་བརྡ་འབྱོར། ཉེན་བརྡ་འབྱོར་རྗེས་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཉེན་རྟོག་པ་ཧྲག་སྒྲུག་བྱས་ནས་མགྱོགས་མྱུར་གྱོད་གཞི་རྩད་གཅོད་དགོས་པའི་བླང་བྱ་བཏོན་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཟླ་9པའི་ཚེས་12ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་ཙམ་ལ་ཕུན་ཆེ་གེ་མོ་བཏུང་བྱ་ཉོ་བར་འགྲོ་བའི་ལམ་བར་དུ་ཆ་རྒྱུས་མེད་པའི་སྐྱེས་པ་གསུམ་གྱིས་བཀག་ནས་ཉེས་རྡུང་བཏང་བ་དང་འབྲེལ་དངུལ་སྨར་སྒོར་900འཕྲོག ད་ཡོད་ཀྱི་ཆ་འཕྲིན་ལ་གཞིགས་ནས་མི་དམངས་ཉེན་རྟོག་པས་འཕྲལ་མར་འདྲི་རྩད་དང་བརྟག་དཔྱད་བྱས་པ་དང་ཆབས་ཅིག་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལག་རྩལ་མྱུལ་ཞིབ་དང་། ལྟ་ཞིབ་མྱུལ་ཞིབ། ཉེས་དོན་མྱུལ་ཞིབ་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཉེས་གསོག་དོགས་ཅན་གྱི་ཆ་འཕྲིན་ཁོང་དུ་ཆུད་པ་དང་འབྲེལ་ཉེས་གསོག་དོགས་ཅན་གྱི་གནས་ཚུལ་མགྱོཌ་མྱུར་ཤེས་རྟོཌ་ཐུབ་ཡོད། ཉིན་དེའི་ཆུ་ཚོད་23ཙམ་ལ་ཉེས་གསོག་དོགས་ཅན་3འཛིན་བཟུང་བྱས་པ་དང་དུས་ཡུན་ཆུ་ཚོད་13ནང་གྱོད་གཞི་རྩད་ཆོད་པ་རེད།
འདྲི་ཞིབ་བྱས་པ་བརྒྱུད་ཉི་ཆེ་གེ་མོ་དང་། ཚེ་ཆེ་གེ་མོ། བསྟན་ཆེ་གེ་མོ་བཅས་ཀྱིས་འཕྲོག་བཅོམ་གྱི་བྱས་ཉེས་སྦ་གསང་མེད་པར་ངོས་ལེན་ཞུས། མིག་སྔར་མི་གསུམ་པོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་ཡང་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།