དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས།

    སྨན་བཅོས་འགན་བཅོལ་དངུལ་གཡོ་ལེན་གྱི་བྱེད་སྤྱོད་ཅིག་བདེ་བླག་ངང་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཉེ་ཆར། ལྷུན་རྩེ་རྫོང་སྨན་བཅོས་འགན་སྲུང་ལྟེ་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བདག་སྤྲོད་བྱེད་རིང་འགན་བཅོལ་དངུལ་གཡོ་ལེན་གྱི་ཁུངས་སྣེ་ཞིག་ཤེས་རྟོགས་བྱུང་ཞིང་། རྫོང་དེའི་སྨན་བཅོས་འགན་སྲུང་ཅུས་ཀྱིས་འཕྲལ་དུ་ཁུངས་སྣེར་ཞིབ་བཤེར་བྱས་པ་རེད།

    བརྟག་དཔྱད་ཞིབ་བཤེར་བྱས་པ་བརྒྱུད། ལྷུན་རྩེ་རྫོང་འཛུགས་སྐྲུན་ཀུང་སི་ཞིག་གི་ལས་མི་ཐུབ་ཆེ་གེ་མོར་2022ལོའི་ཟླ་5པ་ནས་2023ལོའི་ཟླ་2པའི་བར་འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་སྨན་ཁང་དུ་སྔ་རྗེས་སུ་སྨན་བཅོས་ཐེངས་4བྱས་པ་དང་འབྲེལ། ཕྱོགས་གསུམ་པའི་འགན་འཁུར་བས་སྨན་རིན་ཚང་མ་སྤྲད་པའི་གནས་ཚུལ་འོག་ཚུལ་མིན་གྱི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་འགྲོ་ལུགས་དང་འཛིན་ཤོག་རྫུན་མ་བཟོས་ནས་འགན་བཅོལ་དངུལ་གཡོ་ལེན་བྱས་པ་རེད། 2022ལོར་སྨན་བཅོལ་འགན་བཅོལ་དངུལ་བདེ་བླག་ངང་གཡོ་ལེན་བྱས་རྗེས། འདི་ལོ་ཐུབ་ཆེ་གེ་མོས་སླར་ཡང་བྱེད་ཐབས་གཅིག་མཚུངས་སྤྱད་ནས་རྗེས་མཐུད་ཀྱི་སྨན་བཅོས་གྲོན་དངུལ་གཡོ་ལེན་བྱེད་རྩིས་བྱས་པ་རེད། སྟབས་ལེགས་པ་ཞིག་ལ་ལས་དོན་མི་སྣས་དུས་ཐོག་ཏུ་ཤེས་ནས་2023ལོའི་སྨན་བཅོས་འགན་བཅོལ་གྲོན་དངུལ་ལ་གྱོང་གུན་ཕོག་མེད་པ་རེད།

    ཐུབ་ཆེ་གེ་མོའི་ནོར་འཁྲུལ་ངོས་ལེན་ཞུ་བའི་རྣམ་འགྱུར་ཡག་པ་མ་ཟད། གཡོ་ལེན་བྱས་པའི་2022ལོ་འཁོར་གྱི་སྨན་བཅོས་འགན་བཅོལ་དངུལ་དུས་ཐོག་ཏུ་ཕྱིར་སློག་བྱས་པར་དམིགས་ནས། རྫོང་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཐུབ་ཆེ་གེ་མོ་སོགས་འབྲེལ་ཡོད་མི་སྣར་སྐྱོན་བརྗོད་སློབ་གསོ་བཏང་སྟེ་འབྲེལ་ཡོད་མི་སྣར་ཡིག་ཐོག་སྐྱོན་ཞིབ་བྱེད་དུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།