དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ན་ནིང་ལྷ་སས་རིམ་རྩིས་བྱས་ན་ཁྲིམས་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱད་པའི་མ་དངུལ་སྒོར་ཁྲི་200ལྷག་ཙམ་ཚུར་བླངས་པ།

    ནད་བརྟག་སྨན་བཅོས་ཀྱི་ཚད་གཞི་ལས་འགལ་བས་སྨན་བཅོས་སྒྲིག་གཞི་10ལ་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    འདི་ནི་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་ཚོང་ཁང་དུ་གཱ་སྤྱད་ནས་སྨན་ཉོ་བཞིན་པ།

    ཟླ་9ཚེས་15ཉིན་གྱི་ཕྱི་དྲོར། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་སྲུང་ཐེབས་རྩའི་དངུལ་མགོ་སྐོར་གཡོ་ལེན་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་དང་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་འགོ་ཚུགས་པའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་དང་། རྫོང་དང་ཆུས་ཁག་གི་སྨན་བཅོས་འགན་སྲུང་ཅུས། སྨན་བཅོས་འགན་སྲུང་ཐེབས་རྩའི་སྤྱི་ཚོགས་ལྟ་སྐུལ་བ། དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ཁག་གི་འཐུས་མི་བཅས་ཁྱོན་མི་300ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་རྫོང་རིམ་པ་རྒན་པའི་ལས་བྱེད་པ་ཚེ་བརྟན་སྒྲོལ་དཀར་གྱིས། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ནས། དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་ནད་བརྟག་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བས། སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྒོ་ལུགས་དང་མི་མཐུན་པ་སྤར་བར་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་དངུལ་མགོ་སྐོར་གཡོ་ལེན་གྱི་སྒྲིག་འགལ་གྱི་བྱེད་སྤྱོད་ཟིལ་གྱིས་སྣོན་ཤུགས་ཆེ་རུ་ཕྱིན་ཏེ། འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བར“བཀག་སྡོམ་ཁུལ་མེད་པ”དང“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་དང་ཆོད་སེམས་མངོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཚོགས་འདུའི་ཐོག མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་ཁག་གིས་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་དང་ལས་ཀའི་འགན་འཁྲི་གཞིར་བཟུང་། གོམ་སྟབས་གཅིག་གྱུར་དང་མཉམ་དུ་ཤུགས་བརྒྱབ་ནས། སྡེ་ཚན་དབར་ཕན་ཚུན་གཞོགས་འདེགས་དང་མཐུན་སྦྱོར་ལྟ་འདོམས་ཀྱི་ཕྱོགས་བསྡུས་ལྟ་འདོམས་ལམ་ལུགས་དང་མཐུན་སྦྱོར་ཁྲིམས་སྒྱུར་གྱི་ལས་ཀའི་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། གྲངས་གཞིའི་ཆ་འཕྲིན་མཉམ་སྤྱོད་དང་། མཉམ་སྦྲེལ་མཉམ་མཐུད། ཞིབ་བསྡུར་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ། མཉམ་དུ་ཆད་གཅོད་བསླབ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྨན་བཅོས་འགན་བཅོལ་དང་། སྨན་བཅོས། སྨན་རྫས་བཅས་མཉམ་དུ་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ལི་ཅུན་མའེ་ཡིས། 2022ལོར་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་གཞི་རིམ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་དང་། སྤྱི་ཚོགས་ཀྱིས་གཉེར་བའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི། དེ་བཞིན་སྨན་བཅོས་འགན་བཅོལ་གཱ་ནས་སྒྲིག་འགལ་ངང་དངུལ་སྨར་བརྗེ་བ་སོགས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་གྱི་གནད་དོན་ལ་གཙོ་གནད་ཐོག་དམིགས་ཡོད། ཆེད་དོན་ཞིབ་བཤེར་དང་སྡེ་ཚན་མཉམ་འགུལ་བྱས་པ་བརྒྱུད། ཕྱོགས་གསུམ་པར་ཐེར་འདོན་གོང་ཞུའི་གྱོད་གཞིར་ཞིབ་བཤེར་བྱེད་རྒྱུར་གཞོགས་འདེགས་དང་བརྟག་དཔྱད་ཞིབ་བསྡུར་སོགས་ཀྱི་ཆེད་དོན་བཅོས་སྐྱོང་ལས་དོན་སྤེལ་རྒྱུའི་མངགས་བཅོལ་བྱས་ནས། ཞིབ་བཤེར་བྱེད་ཐལ་ཤོར་བ་དང་། སྨན་སྤྱོད་དྲགས་པ། གྲོན་དངུལ་བསྐྱར་བསྡུ་བྱེད་པ། གྲོན་དངུལ་ཚད་བརྒལ་བསྡུ་བ་སོགས་ནད་བརྟག་སྨན་བཅོས་ཀྱི་ཚད་གཞི་ལས་འགལ་བའི་སྨན་རྫས་སྒྲིག་གཞི་10ཐག་གཅོད་བྱས་པ་དང་། རིམ་རྩིས་བྱས་ན་སྒྲིག་འགལ་ངང་སྤྱད་པའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་དངུལ་སྒོར་ཁྲི་217.3ཚུར་བླངས་པ་དང་འབྲེལ། དངུལ་ཆད་སྒོར་ཁྲི་86.6བཏང་ཡོད། ཐེར་འདོན་ཞུ་གཏུག་གྱོད་གཞིར་བརྟག་དཔྱད་ཞིབ་བསྡུར་དང་ཐག་གཅོད་བྱེད་པའི་ལས་དོན་སྤེལ་ནས། ཐེར་འདོན་ཞུ་གཏུག་གྱོད་གཞི་11བདག་སྤྲོད་བྱས་ཏེ་ཚང་མ་གྱོད་ཐག་བཅད་ཡོད། ཁྲིམས་འཛིན་ལས་ཁུངས་ལ་གྱོད་གཞི་1རྩིས་སྤྲད་ནས་ཞབས་ཞུའི་གྲོས་མཐུན་1གནས་སྐབས་མཚམས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། གཞན་ཡང་ཚོགས་འདུའི་ཐོག་ད་དུང་དུས་གོང་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ཡོ་བསྲང་གཏན་ནས་མི་བྱེད་པའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་20ལྷག་ཙམ་བརྡ་ཁྱབ་བཏང་བ་རེད།

    གཞན་ཡང་། སྡེ་ཚན་མཉམ་འགུལ་གྱི་ཆེད་དོན་བཅོས་སྒྲིག་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་འཁོར་སྐྱོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ། སྨན་རྫས་ཀྱི་རིན་གོང་ལུགས་དང་མི་མཐུན་པའི་ངང་འཕར་རྒྱུ་ཚོད་འཛིན་གང་ཐུབ་བྱེད་པ་བཅས་ཀྱི་ཐོག་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་གྱིས་སྨན་བཅོས་འགན་བཅོལ་བྱ་གཞག་སྐྱོན་བྲལ་དང་། གོ་རིམ་ལྡན་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།