དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གྲོ་མོ་རྫོང་ཤར་གསིང་མ་སྡེ་ཁུལ་གྱིས།

    སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་ལ་བརྟེན་ནས་སྡེ་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཤར་གསིང་མ་སྡེ་ཁུལ་དུ“གྱོད་དཔེ་དྲངས་ནས་ཁྲིམས་ལུགས་ལ་འགྲེལ་བཤད་བྱེད་པའི་སྤེལ་རེས་བགྲོ་གླེང་ཚོགས་འདུར”བཅའ་ཁྲིམས་ཁྱབ་གདལ་མི་སྣས་བཏོན་པའི་གནད་དོན་མང་པོར་སྡེ་ཁུལ་གྱི་ལས་དོན་པས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    བཅའ་ཁྲིམས་ཁྱབ་གདལ་པའི་ཁྲིད་སྟོན་འོག ཚང་མས་གནད་དོན་བརྗོད་པ་དང་། བསམ་ཚུལ་དང་ཕན་འབྲས་གླེང་པས། གྱོད་དཔེ་དྲངས་ནས་ཁྲིམས་ལུགས་ལ་འགྲེལ་བཤད་བྱེད་པ་དང་གྱོད་དཔེ་དྲངས་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དམིགས་ཡུལ་གྲུབ་པ་རེད།

    དེ་ནི་ཤར་གསིང་མ་སྡེ་ཁུལ་གྱི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་བསྡུས་རིས་ཤིག་རེད། འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཤར་གསིང་མ་སྡེ་ཁུལ་དུ“ཞིང་ཆུ་ལེབ་གཏོང”ནས“གནད་སྨིན་ཐིགས་ཆུ་གཏོང་བའི”བར་དང“སྒྲོག་འགྲེལ་ཆུང་ངུ་བྱེད་པ”ནས“སྣ་མང་མཉམ་འགུལ”བར་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་མང་ཚོགས་དང་འབྲེལ་འདྲིས་ཐུབ་ནས། བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།

    ཁོངས་གཏོགས་ཁུལ་དུ་འགྲུལ་པ་མང་བ་དང་། བོགས་གཏོང་ཁང་པ་མང་བ། ཚོང་ཁང་མང་བ་བཅས་ཀྱི་དོན་དངོས་ལ་བསམ་གཞིག་བྱས་ཏེ། ཤར་གསིང་མ་སྡེ་ཁུལ་གྱིས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་ཁེ་ཕན་གྱི་དགོས་མཁོར་དམིགས་ནས། བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་དམ་འཛིན་བྱ་གཞིར་བྱེད་པ་དང་། བློ་འདྲི་དང་། བཅའ་ཁྲིམས་སྒྲོག་འགྲེལ། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གོ་བདེ་ཤེས་སླའི་སྐད་ཡིག་ཐོག་ནས་རྒྱ་ཆེའི་མང་ཚོགས་དང་ཚོང་ཁང་གཉེར་སྐྱོང་མཁན་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ཏེ། བཅའ་ཁྲིམས་ཀྱི་ཤེས་བྱ་དང་ཁྲིམས་སྐྱོང་གི་སྙིང་སྟོབས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཁྱབ་པ་དང་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་པས། ཁྲིམས་ཤེས་པ་དང་། ཁྲིམས་རྟོགས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཤར་གསིང་མ་སྡེ་ཁུལ་གྱིས་ད་དུང“བཅའ་ཁྲིམས་ཤེས་མཁན”དང་། “རྫོང་རིམ་པའི་མི་དམངས་འདུམ་འགྲིག་པ” “གྲོང་ཚོ་འགན་གཙང་ལེན་མཁན་མི་དམངས་ཉེན་རྟོག་པ་དང་སྡེ་ཁུལ་གྱི‘ཨུ་ལྷན་གཉིས’ཚན་ཁག གྲོང་སྡོད་ལས་དོན་རུ་ཁག གཉིས་ལྡན་དུད་སྦྲེལ་སྤྱི་མི། དྲ་མིག་པ”བཅས་ཟུང་དུ་འབྲེལ་བའི་སྣ་མང་མཉམ་འགུལ་གྱི་འདུམ་འགྲིག་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། སྐད་འཕྲིན་ཚོགས་པ་སོགས་བརྒྱུད་དུས་བཀག་ལྟར་གྲོང་དོན་ཆ་འཕྲིན་ཁྱབ་བསྒྲགས་དང་། རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས། གྲོང་མིའི་བསམ་འཆར་དང་རེ་ཞུ་བསྡུ་ལེན་ལེགས་སྒྲིག་བཅས་བྱས་ཏེ་གྱོད་གཞི་དུས་ཐོག་ཏུ་སྦྲེལ་མཐུད་དང་ཐག་གཅོད་བྱས་པས། “འདུམ་འགྲིག་ཆེན་པོའི”རྣམ་པ་གོ་རིམ་ལྡན་པ་དང་། ཚད་ལྡན། ནུས་ཆེ་བཅས་ཀྱི་སྒོ་ནས་གཉེར་སྐྱོང་ཐུབ་པར་སྐུལ་འདེད་བཏང་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ཤར་གསིང་མ་སྡེ་ཁུལ་དུ་གཅིག་སྡུད་སྒྲོག་འགྲེལ་ཐེངས་15བྱས་པར་རིམ་རྩིས་བྱས་ན་སློབ་གསོ་དང་ལེན་བྱེད་མཁན་མི་ཐེངས་1000ལྷག་ཙམ་ཟིན་པ་དང་། རིམ་རྩིས་བྱས་ན། “བཅའ་ཁྲིམས་གསལ་རྟོགས་པ”6དང་རྫོང་རིམ་པའི་མི་དམངས་འདུམ་འགྲིག་པ་8གསོ་སྦྱོང་བྱས་པ་རེད། ཤར་གསིང་མ་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཚོས། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དེ་ལྟ་བུ་ནི་མང་ཚོགས་དང་འབྲེལ་འདྲིས་ཟབ་པ་དང་། གོ་ཐུབ་པ་དང་ཤེས་སླ་བ་ཞིག་ཡིན་པས། མང་ཚོགས་ལ་མཁོ་བའི་བཅའ་ཁྲིམས་ཀྱི་ཞབས་ཞུ་དངོས་འབྲེལ་རང་ཁྱིམ་གྱི་སྒོ་རྩར་སྐྱེལ་ཐུབ་པ་བྱུང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།