དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་སྡེ་ཁུལ་གྱི་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་ཐོག་མའི་སྒོ་བྱང་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་བྱང་ཕྱེ་བའི་མཛད་སྒོ་སྣེ་གདོང་ཆུས་ཁྱུང་དཀར་ལྡིང་སྡེ་ཁུལ་དུ་འཚོགས་པ་ལས་ལྗོངས་ཡོངས་ཀྱི་སྡེ་ཁུལ་གྱི་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱུང་དཀར་ལྡིང་སྡེ་ཁུལ་ཚོད་ལྟར་བྱས་ཏེ་སྡེ་ཁུལ་གྱི་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་བཙུགས་ཏེ། “ཞབས་ཞུའི་སྐར་ཁུང”སྡེ་ཁུལ་དུ་འཛུགས་པ་དང་རང་འགུལ་ངང་ཁྲོམ་གཞུང་དུ་བསྐྱོད་དེ། ཞིབ་དཔྱོད་ཀྱི་སྟོབས་ཤུགས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་ཟུང་དུ་འབྲེལ་ནས། ཞིབ་དཔྱོད་ཀྱི་དམངས་ཕན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་སྔར་བས་མཐོ་རུ་གཏོང་བ་དང་། ཞིབ་དཔྱོད་ཞབས་ཞུ་མི་དམངས་མང་ཚོགས་ཁྲོད་སྣུར་སྲིང་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།