དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བདེ་འཇགས་འཛིང་རགས་མཉམ་དུ་བསྐྲུན། བར་སྣང་གཙང་མ་མཉམ་དུ་སྤྱོད།

    —— 2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    2023ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོའི་ནང་འགོ་ཚུགས་མཛད་སྒོ་དང་། བོད་ཀྱི་དྲ་རྒྱའི་བདེ་འཇགས་དབུ་ཚོགས། དྲ་ཐོག་དང་དྲ་ཕྱིའི་འགྲེམས་སྟོན་དང་སྒྲོག་འགྲེལ་ཚོགས་འདུ་སོགས་ཚུད་ཅིང་། རྣམ་པ་སྣ་ཚོགས་ལ་བཀྲག་མདངས་མངོན་པར་གསལ་བས་ལྗོངས་ཡོངས་སུ་སྤྱི་ཚོགས་ཡོངས་ཀྱིས་དྲ་རྒྱའི་བདེ་འཇགས་ཀྱི་འགོག་རགས་མཉམ་དུ་བསྐྲུན་པའི་རྣམ་པ་ཟབ་མོ་ཞིག་བཏོད་པ་མ་ཟད། དྲ་རྒྱའི་བདེ་འཇགས་མཉམ་དུ་སྐྲུན་པ་དང་དྲ་རྒྱའི་ཤེས་དཔལ་མཉམ་དུ་སྤྱོད་པའི་མཉམ་ཤུགས་ཆེན་པོ་ཞིག་ཀྱང་གཅིག་ཏུ་བསྒྲིལ་ཡོད།

    བྱེད་སྒོ་སྣ་མང་ཕུན་སུམ་ཚོགས། མཉམ་སྐྲུན་མཉམ་སྤྱོད་རྣམ་པ་ཟབ།

    2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ནང་གི་ཁྱབ་ཁོངས་མི་འདྲ་བའི་དྲ་རྒྱའི་བདེ་འཇགས་ཀྱི་རིགས་གཅིག་མཁས་ཅན་སླེབས་ནས“གྲངས་གཞི་ཆེ་མོའི་དུས་རབས་ཀྱི་གྲངས་གཞི་བདེ་འཇགས་ཀྱི་འགྲན་སློང་དང་ཐབས་ཇུས”དང“གྲངས་འཛིན་ལག་རྩལ་དང་དྲ་རྒྱའི་བདེ་འཇགས”སོགས་ཀྱི་ནང་དོན་ལ་དམིགས་ནས་ས་གནས་ས་ཐོག་ཏུ་ལྟད་མོ་བར་གཏམ་བཤད་ཡིད་དབང་འཕྲོག་པ་ཞིག་བྱས་པ་རེད།

    དུས་མཚུངས་སུ་བོད་ཀྱི་དྲ་རྒྱའི་བདེ་འཇགས་དབུ་ཚོགས་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་དང་གྲལ་སྒོར་གླེང་སྟེགས་བཀོད་སྒྲིག་བྱས་ནས་རྒྱལ་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གྲགས་ཅན་གདན་འདྲེན་ཞུས་ཏེ་དྲ་རྒྱའི་བདེ་འཇགས་དང་། གྲངས་གཞིའི་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་། གསང་ཨང་བདེ་འཇགས་སོགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྐོར་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་ཏེ། ཐུན་མོང་ངོས་འཛིན་དེ་བས་གཅིག་ཏུ་བསྒྲིལ་ནས་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་ཕན་འབྲས་ཆེར་སྐྱེད་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་བསྡུ་རུབ་བྱས་པའི་དྲ་རྒྱའི་བདེ་འཇཌ་སྐོར་གྱི་བརྙན་ལམ་བརྩམས་ཆོས་སྣ་ཚོཌ་ཁག་47མཉམ་དུ་བསྟན་པར་མང་ཚོགས་མི་ཉུང་བ་ཞིག་ལྟ་བར་སླེབས་པ་རེད།

    དྲ་ཐོག་དྲ་ཕྱི་གཉིས་ནས་འབད། འགྲེམས་སྟོན་མྱོང་ཚོར་གསོན་ཉམས་དོད།

    འདི་ལོ་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགྲེམས་སྟོན་བྱེད་སྒོའི་ཐད“དྲ་ཐོག་དྲ་ཕྱི་གཉིས་ནས་འབད”པའི་བྱེད་སྟངས་སྤྱད་ཅིང་།

    “དྲ་ཐོག་འགྲེམས་སྟོན”ནང་VRའགྲེམས་ཁང་དང་། བརྗོད་དོན་གཙོ་བོའི་ཉིན་མོའི་འགྲེམས་ཁང་ཆེན་པོ་དྲུག ཐད་གཏོང་། གསར་འགྱུར། དྲ་ཐོག་ལན་འདེབས་སོགས་ཀྱི་བྱེད་ནུས་ལེ་ཚན་གྱིས་བྱེད་སྒོའི་དུས་ཚོད་དང་བར་མཐོངས་ཀྱི་བཀག་རྒྱ་མེད་པར་བཟོས་ཏེ་ལྟད་མོ་བ་ཁྱིམ་ནས་དོན་མི་དགོས་པར་བྱེད་སྒོར་ཞུགས་ཆོག་པར་བྱས་པ་རེད།

    དྲ་ཐོག་ལས་སྟེགས་བརྒྱུད་ནས་ཚང་མས་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་། VRརྟོག་བཟོའི་འགྲེམས་ཁང་། དྲ་རྒྱའི་བདེ་འཇགས་ཀྱི་ཐོན་རྫས་གསར་ཤོས་བཅས་ལ་བལྟས་ནས་དྲ་རྒྱའི་བདེ་འཇགས་འགོག་སྲུང་གི་རྩལ་ནུས་གསར་པ་སློབ་སྦྱོང་བྱེད་ཐུབ་ཅིང་། ད་དུང་དྲ་ཐོག་གི་ལན་འདེབས་ལ་ཞུགས་ཏེ་དྲ་རྒྱའི་བདེ་འཇགས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་ཐུབ།

    དྲ་ཕྱིའི་འགྲེམས་སྟོན་ཁང་ནི་རང་སྐྱོང་ལྗོངས་ཀྱི་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་དང་པོར་བཀོད་སྒྲིག་བྱས་ཡོད་པར་སྤྱིའི་འཆར་འགོད་རྒྱ་ཁྱོན་སྨི་ངོས་གྲུ་1900ཙམ་ཟིན་ཞིང་། “རིག་ལྡན་འཚོ་བའི་དྲ་རྒྱའི་བདེ་འཇགས”དེ་གཙོ་རྐང་དུ་བྱས་ནས་འཚོ་བའི་ཁྲོད་ཀྱི་དྲ་རྒྱའི་བདེ་འཇགས་ལ་གཞིགས་ཏེ་དྲ་རྒྱའི་བདེ་འཇཌ་མཉམ་འགུལ་གྱི་ཉམས་ལེན་ཁུལ་དང་། དྲ་རྒྱའི་བདེ་འཇགས་ཀྱི་ཁེ་ལས་ཁུལ། དྲ་རྒྱའི་བདེ་འཇགས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཁུལ་བཅས་འགྲེམས་ཁུལ་གསུམ་དུ་དབྱེ་ནས་འགྲེམས་སྟོན་བྱས་ཤིང་། ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་ཁྱོན་བསྡོམས་50འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།

    འགོག་ཟོན་སློབ་གསོ་གཞི་རིམ་ཁྱབ། “བསླུ་འགོག”དྲིལ་བསྒྲགས་ཞིང་ཁྱིམ་བྱས།

    བྱེད་སྒོ་ཡིད་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་ཁྲོད་འགོ་ཚུགས་ཤིང་། ཞབས་བྲོ་དང་གླུ་གཞས་སམ་ཡང་ན་ལྗོངས་རྣམ་ཟློས་གར་དང་གཞས་མ་གཏམ་གང་ཡིན་རུང་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཕུན་སུམ་ཚོགས་པོ་དང་དམ་པོར་འབྲེལ་བ་དང་། ལྷག་པར་དུ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དཀྲོག་གཏམ་དབྱེ་འབྱེད་དང་འགོག་ཟོན། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ། ཁྲིམས་མཐུན་མིན་པའི་དགེ་སྒྲུབ་ཞལ་འདེབས་བསྡུ་བ། ཁ་པར་དང་འཕྲིན་ཐུང་ནས་བསླུ་བྲིད་བྱེད་པ་སོགས་ཀྱི་ནང་དོན་ལྟ་འདོད་ཅིང་ཉན་སྤྲོ་བའི་རོལ་རྩེད་ཁྲོད་སློབ་གསོ་ཐེབས་ཐུབ་པས་བྱེད་སྒོའི་ཡིད་དབང་འགུགས་ནུས་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་སོང་ཡོད་པ་རེད།

    དྲ་རྒྱ་ནས་ཁ་བསླུས་རྒྱག་སྟངས་རྒྱུན་ཆད་མེད་པར་རིམ་པ་འཕར་བ་དང་བསྟུན། མང་ཚོགས་མགོ་སྐོར་འོག་ཚུད་པའི་ཉེན་ཁ་ཡང་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། དུད་ཁྱིམ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ་ནི་ད་ཐེངས་ཀྱི་བྱེད་སྒོའི་ལྷུ་ཚིགས་གལ་ཆེན་ཞིག་རེད།

    རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས། རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་འཐུས་མི་དང་། ཁེ་ལས་ཀྱི་འཐུས་མི། དྲ་རྒྱའི་མི་སྣ་གྲགས་ཅན། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་ལས་གྲུབ་པའི་སྒྲོག་འགྲེལ་ཡན་ལག་རུ་ཁག་ཆུང་བ་7མང་ཚོགས་ཀྱི་དུད་ཁྱིམ་ཁག་ཏུ་བསྐྱོད་ནས་སྒྲོག་འགྲེལ་བྱས་ཤིང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ཞིང་འབྲོག་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་སོགས་བྱས་ཏེ་དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་འགོག་སྲུང་གི་རྩལ་ནུས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བའི་ཁར་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་རྟོགས་རོགས་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་རྩལ་ནུས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།