དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས།

    ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས“ཏང་རྩ་འཛུགས་དང་། ཞིང་དུད། སྒོ་རྩིས་ཚོང་ཁང་བཅས་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་གྱི“བྱ་དགའ་བརྒྱད་དང་ཆད་གཅོད་བརྒྱད”ཀྱི་གསོག་སྐར་བརྗེ་སྒྱུར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་གསོག་སྐར་ཚད་འབེབས་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་པས། གཞི་རིམ་གྱི་ཁོར་ཡུག་བཅོས་སྐྱོང་ལས་དོན“ལས་འགན་བཀོད་སྒྲིག”ནས“ལྕག་སྐུལ་སྣེ་ཁྲིད”བར་འགྱུར་ལྡོག་འགྲོ་བཞིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱ་ཚ་རྫོང་གིས་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་ལེགས་གཏོང་བྱ་སྤྱོད་ཀྱི“བྱ་ཐབས་ཁག་ལྔ”དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱིས་ལྟ་ཤེས་པ་དང་། ངེས་ཐུབ་པ། སྒྲུབ་ཐུབ་པ་བཅས་ཚད་གཞིར་བཟུང་ནས། 《རྒྱ་ཚ་རྫོང་གི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་གསོག་སྐར་བརྗེ་སྒྱུར་གྱི་ལག་བསྟར་ཞིབ་སྲོལ》ཆེད་མངགས་བཟོས་པ་དང་། སྐར་སྣོན་གྱི་དོན་ཚན་8དང་སྐར་འཕྲིའི་དོན་ཚན་8ཞིབ་ཕྲ་བཟོས་པ།། སྒོ་རྩིས་ཚོང་ཁང་དང་ཚོང་ཁང་10ལྷག་ཙམ་དང་འབྲེལ་མཐུད་ཧུར་ཐག་བྱས་པ། གསོག་སྐར་བརྗེ་སྒྱུར་གྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ། གཅིག་སྡུད་སློབ་སྦྱོང་དང་། ཏང་ཡོན་གྱིས་དུད་ཚང་དུ་སྒྲོག་འགྲེལ། སྐད་འཕྲིན་ཚོགས་པའི་སྒྲོག་འགྲེལ་བཅས་ཀྱི་བྱེད་སྟངས་བརྒྱུད། རྫོང་ཡོངས་ཀྱི་མང་ཚོགས་4000ལྷག་ཙམ་གཞི་རིམ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་པ་རེད།

    གཞན་ཡང་། གསོག་སྐར་ལམ་ལུགས་ཡུན་རིང་དང་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད། ཤང་གྲོང་དང་སྲིད་འཛིན་གྲོང་ཚོས་ད་དུང་དོན་དངོས་ལ་གཞིགས་ནས་དཔྱད་ཞིབ་ཚོགས་ཆུང་7བཙུགས་ཏེ་ཟླ་རེར་དཔྱད་བསྡུར་དང་དུས་ཚིགས་རེར་དཔྱད་ཞིབ་བྱས་ནས་ལས་ཀའི་རྣམ་འགྱུར་ལེགས་པ་དང་། མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ། གསོག་སྐར་བསྡོམས་རྩིས་མཐོ་བ་བཅས་ཀྱི་ཏང་ཡོན་དང་མང་ཚོགས་ལ་གཟེངས་བསྟོད་བྱ་དགའ་སྤྲད་དེ་ཏང་ཡོན་དང་མང་ཚོགས་ཀྱི་བདག་པོའི་འདུ་ཤེས་རྒྱུན་མཐུད་ཟབ་ཏུ་བཏང་བ་མ་ཟད། ད་དུང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དར་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་ཀྱང་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།