དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བཞད་མཐོང་སྨོན་རྫོང་ཁྲིམས་ཁང་གིས།

    ​དམིགས་བསལ་གདན་ཞུས་འདུམ་འགྲིག་པར་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་ལས་སྒོའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ། དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་ལས་ཀའི་འགན་འཁྲི་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་བཞད་མཐོང་སྨོན་རྫོང་ཁྲིམས་ཁང་གིས་དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

    གསོ་སྦྱོང་ནང་གཙོ་བོ་དམིགས་བསལ་གདན་ཞུས་འདུམ་འགྲིག་ལས་དོན་གྱི་གཏན་འབེབས་དང་དེ་བཞིན་འདུམ་འགྲིག་བྱ་ཐབས་དང་། མི་དམངས་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་བཀོལ་སྤྱོད་སོགས་ལ་དམིགས་པ་དང་ཆབས་ཅིག ཞུ་གཏུག་མ་བྱས་གོང་གི་འདུམ་འགྲིག་བྱེད་རིང་མངགས་བཅོལ་གསལ་འབྱེད་ལས་དོན་གྱི་ཚད་འབེབས་འགྲོ་ལུགས་དང་དམིགས་བསལ་གདན་ཞུས་འདུམ་འགྲིག་པས་ཞུ་གཏུག་མ་བྱས་གོང་གི་འདུམ་འགྲིག་ལས་དོན་སྒྲུབ་སྐབས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་རྩ་དོན་དང་སྒྲིག་ཁྲིམས་ཀྱི་ཚད་གཞིར་ཁྱོན་ཡོངས་ནས་འགྲེལ་བཤད་བརྒྱབ་པ་རེད། གསོ་སྦྱོང་ནང་དམིགས་བསལ་གདན་ཞུས་འདུམ་འགྲིག་པར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། ཆེད་ལས་ཀྱི་བྱང་ཚད་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། རང་ངོས་ཀྱི་འགན་སེམས་དང་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁྲིམས་ལྟར་བར་འདུམ་དང་། སེམས་རྩ་འཁོལ་པོས་ཁྲིད་སྟོན། སྤྱོད་གཙང་བར་འདུམ་ཐག་གཅོད་བཅས་བྱེད་ཐུབ་པ་དང་། བཞད་མཐོང་སྨོན་རྫོང་གི་གཏུག་བཤེར་ཡོང་ཁུངས་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་གཏོད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ། མི་དམངས་ཁྲིམས་ཁང་དང་དམིགས་བསལ་གདན་ཞུས་འདུམ་འགྲིག་པས་ཐུན་མོང་ཐོག་རྩོད་གླེང་བར་འདུམ་བྱེད་པའི་སྣ་འདུས་ཐབས་བཟང་སྤྱོད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    གསོ་སྦྱོང་མཇུག་འགྲིལ་རྗེས། བཞད་མཐོང་སྨོན་རྫོང་ཁྲིམས་ཁང་གིས་དམིགས་བསལ་གདན་ཞུས་འདུམ་འགྲིག་རྩ་འཛུགས་3དང་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་76ལ་གདན་ཞུས་ལས་བསྐོས་ལག་ཁྱེར་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།