དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

    སྲིད་གཙང་སློབ་ཁང་བཙུགས་ནས་སྤྱོད་གཙང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཉེ་ཆར། སྙེ་མོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་སྲིད་གཙང་སློབ་ཁང་བཙུགས་ནས་རྫོང་ཆུ་དོན་ཅུས་དང་རྫོང་སྤྱི་བདེ་ཅུས་སོགས་གཙོ་གནད་ཚན་པར་སྲིད་གཙང་ཏང་གི་སློབ་ཚན་ཁྲིད་དེ་ཏང་ཡོན་ལས་བྱེད་པ་དང་ལས་ཞབས་པའི་བསམ་བློའི་འགོག་རགས་ཟམ་མི་ཆད་པར་བརྟན་དུ་བཏང་བ་རེད།

    སྲིད་གཙང་ཏང་གི་སློབ་ཚན་ནང་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྐོར་གླེང་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞིར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་དང་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ཡང་གླེང་ནས་ཏང་ཡོན་ལས་བྱེད་པ་དང་ལས་ཞབས་པ་དང་སྙིང་གཏམ་ཤོད་རེས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་སྤྱོད་གཙང་གི་འགོག་རགས་བརྟན་དུ་གཏོང་བ་དང་། རང་གཅུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁ་གསལ་གཏིང་གསལ་གྱི་བློ་མཐུན་དབར་གྱི་འབྲེལ་བ་དང་། གོང་འོག་དབར་གྱི་འབྲེལ་བ། སྲིད་ཚོང་དབར་གྱི་འབྲེལ་བ་གཏོད་རྒྱུར་སྐུལ་འདེད་བཅས་བཏང་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།