དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མི་སེམས་འགུལ་བའི་དམག་མིའི་ནང་མིའི་བཞུགས་མོལ་ཚོགས་འདུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    འདི་ནི་དཔོན་དམག་གི་ནང་མིའི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    འདི་ནི་དཔོན་དམག་དང་བཟའ་ཟླ་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་ལུའེ་ཤོག་གི་འགོ་ཁྲིད་ཀྱིས་དཔོན་དམག་གི་ནང་མིར་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།

    དམག་མི་དང་དམག་མིའི་ནང་མིའི་སྐྱིད་སྣང་དང་གཟི་བརྗིད་ཚོར་སྣང་ཆེ་རུ་བཏང་ནས། དམག་མིའི་ནང་མི་དང་དམག་སྒར་དབར་གྱི་བར་ཐག་ཉེ་རུ་གཏོང་བ་དང་དམག་མིའི་ནང་མིས་དམག་མིའི་ལས་དོན་ལ་དེ་བས་རྒྱབ་སྐྱོར་དང་བསམ་ཤེས་བྱས་ནས་དཔོན་དམག་རྣམས་བློ་བདེ་པོས་དཔུང་སྡེར་ལས་ཀ་བྱེད་ཐུབ་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གིས་དཔོན་དམག་དང་དམག་མིའི་ནང་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ནང་མི་རྣམས་ཕྱི་རོལ་སྦྱོང་བརྡར་བྱ་ཡུལ་དུ་གདན་དྲངས་ཏེ། དཔོན་དམག་དང་མཉམ་དུ་འབྱུང་འགྱུར་གླེང་བ་དང་། མཛེས་ལྗོངས་མྱོང་རོལ། རྫོགས་ལྡན་དུས་བཟང་ལ་རོལ་བ་རེད།

    ནང་མིའི་ཉལ་ཁང་གཙང་ཞིང་དཀར་ཆ་དོད་ལ་ཁྱིམ་ཆས་ཀྱང་གང་དགོས་ཚང་མ་བསྒྲིགས་ཡོད། དཔུང་སྡེར་ཡོང་མཁན་ནང་མི་རྣམས་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་དུ་ལྷན་དུ་འཛོམས་ཤིང་། ཚང་མས་བག་ཕེབས་སྤྲོ་སྣང་གི་རྣམ་པའི་ཁྲོད་ཁྱིམ་ཚང་གི་དོན་དག་དང་དཔུང་སྡེར་ཡོང་རྗེས་ཀྱི་མྱོང་ཚོར་གླེང་རེས་བྱས་པ་རེད།

    དཔུང་སྡེར་ཡོང་མཁན་ནང་མིའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་དྲོ་སྐྱིད་ལྡན་པའི་རྣམ་པ་གཏོད་ཆེད། ལུའེ་ཤོག་དེས་ད་དུང་རྩ་འཛུགས་ཀྱི་འཚམས་འདྲི་དང་། ཕ་མ་བུ་ཕྲུག་མཉམ་འཛོམས་ཀྱི་གསོལ་སྟོན། བཅའ་སྡོད་བྱ་ཡུལ་དུ་ལྟ་སྐོར། ལག་རྟགས་སྤྲོད་པ་བཅས་ཀྱི་བྱེད་སྒོ་སྤེལ་ནས། དམག་མི་དང་དམག་མིའི་ནང་མིའི་གཟི་བརྗིད་ཚོར་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། དཔུང་སྡེར་ཡོང་མཁན་ནང་མིའི་འཚོ་བའི་དགོས་མཁོའི“མཐའ་མའི་འགག་གནད”བསལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།