དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས།
དམག་སྒར་དུ་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ།
དིང་རི་རྫོང་མི་དམངས་ཁྲིམས་ཁང་སྒང་དཀར་མི་དམངས་ཁྲིམས་རའི་ལས་བྱེད་ཉེན་རྟོག་པས་དིང་རི་རྫོང་གི་དཔུང་སྡེ་ཞིག་གི་སྦྱོང་བརྡར་སྒར་སར་བསྐྱོད་དེ“དམག་སྒར་དུ་བཅའ་ཁྲིམས་ཁྱབ་གདལ་དང་སྒར་སར་ཁྲིམས་རའི་བརྩེ་སེམས་གླེང་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། དཔོན་དམག་ཚོར་ཕན་ནུས་ཆེ་བའི་ཁྲིམས་སྐྱོང་འཆད་ཁྲིད་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། སྒང་དཀར་མི་དམངས་ཁྲིམས་རའི་ཁྲིམས་དཔོན་གྱི་ལས་རོགས་བློ་མཐུན་པད་མ་དབང་ཕྱུག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ནང་དོན་གཙོ་བོར་བྱས་ནས་དཔུང་སྡེའི་དཔོན་དམག་ཡོངས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཞིང་། ཉེས་ཁྲིམས་ཀྱི་མ་ལག་དང་། ཉེས་གསོག་གྲུབ་ཚུལ། ཉེས་གསོག་གི་གཞི་རྩའི་བྱ་ཐབས་དང་བསམ་ཕྱོགས་སོགས་གཙོ་གནད་དུ་ངོ་སྤྲོད་བྱས་པ་དང་། རྒྱུན་མཐོང་གི་ཉེས་གསོག་དང་དེ་བཞིན་དམག་དཔུང་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གྱོད་དཔེ་བརྒྱུད། ཚང་མས་ཉེས་གསོག་གི་གྱོད་གཞི་ཐད་ཀར་མྱོང་ཚོར་ཐུབ་པ་དང་། བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་འཛུགས་པ་བཅས་བྱས་ཡོད། དེ་དང་དུས་མཚུངས《དམངས་དོན་ཁྲིམས་གཞུང》གི་གླེང་མང་བའི་ཁྲིམས་སྲོལ་དང་། དེ་བཞིན《དམག་ཞབས་ཐིམ་པའི་དམག་མིའི་འགན་སྲུང་བཅའ་ཁྲིམས》 《དམག་མིའི་གནས་བབ་དང་ཁེ་དབང་འགན་སྲུང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། དཔོན་དམག་གིས་ཡོངས་ཁྱབ་དོ་ཁུར་བྱེད་པའི་དྲ་ཐོག་ཉོ་སྒྲུབ་དང་། དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན། གཉེན་སྒྲིག་ཁྱིམ་ཚང་། དབང་གནོད་འགན་འཁྲི་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་། དཔོན་དམག་གིས་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད། དཔེ་མཚོན་གྱི་གྱོད་དཔེ་གླེང་བ་དང་འགྲེལ་བཤད་དང་དབྱེ་ཞིབ་བྱས་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་གླེང་བ་མ་ཟད། མཉམ་འགུལ་ཧུར་ཐག་བྱེད་པའི་ཁྲིམས་སྐྱོང་སློབ་ཚན་ཞིག་འཚོགས་པ་བརྒྱུད། དཔོན་དམག་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ནས་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།