ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་ཤེས་དཔལ་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྡེ་ཁུལ་དུ་སྤེལ་བ།
སྤྱི་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཤེས་རྟོགས་དང་ངོས་འཛིན་ཐུབ་ཚད་ཟབ་ཏུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གཙང་རལ་སྡེ་ཁུལ་དུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་བསྟར་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། ས་ཆ་དངོས་སུ་འགྲེལ་བཤད་རྒྱག་པ། དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲོད་པའི་བྱེད་སྟངས་བརྒྱུད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་རིགས་ཁག་གི་དྲིལ་བསྒྲགས་དཔྱད་ཡིག་200ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་300ལྷག་ཙམ་སྤྲད་ནས་ས་ཆ་དངོས་སུ་མི་ཐེངས་10ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་ཡོད།