ཉིང་ཁྲི་གྲོང་ཁྱེར་གྱིས་མགྲོན་ཁང་ལས་རིགས་ལ་ཆེད་དོན་བཅོས་སྒྲིག་དང་གཅིག་སྡུད་གཙང་བཤེར་གྱི་བྱ་སྤྱོད་སྤེལ་བ།
ཉིང་ཁྲིའི་བདེ་འཇགས་དང་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གྲོང་ཁྱེར་ཁོངས་གཏོགས་ཀྱི་མགྲོན་ཁང་ལས་རིགས་ལ་ཆེད་དོན་བཅོས་སྒྲིག་དང་གཅིག་སྡུད་གཙང་བཤེར་གྱི་བྱ་སྤྱོད་སྤེལ་ཞིང་། ཤང་དང་གྲོང་རྡལ་གྱི་མངགས་གཏོང་ཁང་ཁག་གིས་ཤང་དང་གྲོང་རྡལ་གྱི་ལས་དོན་མི་སྣ་དང་མཉམ་འབྲེལ་ཐོག་གནས་ཚང་དང་ཁྱིམ་ཚང་མགྲོན་ཁང་ལ་བདེ་འཇགས་གྲལ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་གྱི་ཉེན་ཁ་དུས་ཐོག་ཏུ་བསལ་ཞིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་མགྲོན་ཁང་དུ་གཙང་བཤེར་བྱེད་བཞིན་པ།