དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གྲོ་མོ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་གསོག་ཚོགས་པ་ཞིག་གཏོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སྤྱི་བདེ་ཅུས་ཀྱིས“གཅེར་མོལ་བསྙད་འདོཌ་རྒྱུ་འཕྲོག”གི་ཉེས་གསོག་པར་ཆེད་མངགས“བཙོག་དངུལ་གཙང་སྒྱུར”བྱེད་མཁན་གྱི་ཉེས་གསོག་ཚོགས་པ་ཞིག་བདེ་བླག་ངང་གཏོར་ཏེ། ཉེས་གསོག་དོགས་ཅན་9བཟུང་པ་དང་འབྲེལ། གྱོད་འབྲེལ་མ་དངུལ་སྒོར་ཁྲི་3.94འདེད་ལེན་བྱས།

    ཟླ་8པའི་ཚེས་11ཉིན། ཕྱི་ལོགས་ནས་གྲོ་མོ་རྫོང་དུ་ལས་ཀར་ཡོང་བའི་ཧྥེ་ཆེ་གེ་མོ་དྲ་ཐོག་གི་ཆགས་སྲེད་གཅེར་མོལ་གྱི་གཡོ་འོག་ཅིག་ཏུ་ཚུད་ཅིང་། ཉེས་གསོག་དོགས་ཅན་གྱིས་སྒོར་ཁྲི་4ཙམ་བསྙད་འདོགས་གཡོ་ལེན་བྱས། ཉེན་བརྡ་འབྱོར་རྗེས། གྲོ་མོ་རྫོང་སྤྱི་བདེ་ཅུས་ཀྱིས་དུས་ཐོག་ཏུ་ཉེན་རྟོག་པ་ཧྲག་པོ་སྒྲིག་འཛུགས་བྱས་ནས་མྱུལ་ཞིབ་ཀྱི་ལས་དོན་སྤེལ་ཞིང་། ཞིབ་གཅོད་གཏིང་ཟབ་དང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། ཙེང་ཆེ་གེ་མོ་ཉེས་གསོག་དོགས་ཅན་པར་གཏན་འཁེལ་བྱས་ཏེ་བཟུང་པ་རེད།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་རྒྱུས་ལོན་བྱུང་བའི་ནག་ཉེས་ཀྱི་ཁུངས་སྣེར་གཞིགས་ནས་མུ་མཐུད་དེ་མྱུལ་ཞིབ་བྱས་མཐར། ལྷ་ས་གྲོང་ཁྱེར་དུ་ཝང་ཆེ་གེ་མོས་གཙོས་པའི“བཙོག་དངུལ་གཙང་སྒྱུར”གྱི་ཉེས་གསོག་ཚོགས་པ་ཞིག་ཡོད་པ་ཤེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྲལ་བཤེར་མཐར་ཕྱིན་བྱས་ཏེ། ཚོགས་པ་དེ་གནས་ཡུལ་གཏན་འཁེལ་བྱས་ཤིང་སྔ་ཕྱིར་ཉེས་གསོག་དོགས་ཅན་9བཟུང་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཚོགས་པ་དེའི་ལས་བགོས་ཁ་གསལ་བ་སྟེ། ཉེས་གསོག་གཏེ་པོ་ཝང་ཆེ་གེ་མོས“གཱ་འཚོང་མཁན”གྱི་ངོས་ནས་ཕྱི་རྒྱལ་གྱི་གཅེར་མོལ་བསྙད་འདོགས་རྒྱུ་འཕྲོག་བྱེད་མཁན་གྱི་ཉེས་གསོག་ཚོགས་པ་དང་འབྲེལ་བ་བྱེད་པ་དང་། ཙེང་ཆེ་གེ་མོ་སོགས་མི་9ཡིས“གཱ་སྤྱོད་མཁན”གྱི་ངོས་ནས་བཙོག་དངུལ་གཙང་སྒྱུར་བྱེད་བཞིན་ཡོད་པ་རེད། གྱོད་གཞི་དེ་རྒྱལ་ཡོངས་ས་གནས་ཁག་གི་གཅེར་མོལ་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་གཞི་60ལྷག་དང་འབྲེལ་བ་ཡོད་ཅིང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི་80ལྷག་ཙམ་ཟིན་ཡོད་པ་རེད།

    མིག་སྔར། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས“བཙོག་དངུལ་གཙང་སྒྱུར”བྱེད་མཁན་གྱི་ཚོགས་པ་དེ་ཁྲིམས་ལྟར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།