དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས།

    རེ་ཞུ་བྱེད་མཁན་དྲུག་ལ་གཅིག་སྡུད་ཐོག་ལག་བསྟར་ གྱོད་དངུལ་སྒོར་ཁྲི་65ལྷག་ཙམ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ཉིན་ཤས་གོང་། སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་གྱོད་དངུལ་གཅིག་སྡུད་ཐོག་སྤྲོད་པའི་ཚོགས་ཆེན་འཚོགས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། སྲིད་ཁྲིམས་ཨུ་ལྷན། ཞིབ་དཔྱོད་ཁང་བཅས་ཀྱི་ལྟ་སྐུལ་དང་བདེན་དཔང་འོག་རེ་ཞུ་བྱེད་མཁན་6ལ་གཅིག་སྡུད་ཐོག་ལག་བསྟར་གྱོད་དངུལ་སྒོར་ཁྲི་65སྤྲད་པ་རེད།

    དངུལ་སྤྲོད་པའི་ཚོགས་ཆེན་དུ་ལས་བྱེད་ཉེན་རྟོག་པས་དོ་བདག་གི་ཆ་འཕྲིན་རེ་རེ་བཞིན་ཞིབ་བསྡུར་བྱས་པ་དང་། ས་གནས་དེ་གའི་དོ་བདག་སྒྲིག་འཛུགས་བྱས་ཏེ་དངུལ་ལེན་པའི་འབྲེལ་ཡོད་འགྲོ་ལུགས་གཉེར་བ། ས་གནས་ས་ཐོག་ཏུ་ལས་སྒོ་གཉེར་བ་དང་ཞིབ་མཆན་བཀོད་ནས། གྱོད་གཞིའི་དངུལ་སྤྲོད་པའི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་དང་། བདེ་འཇགས། ཚད་ལྡན། ཕན་འབྲས་ཆེ་བ་བཅས་ཡོང་བ་བྱས་ཡོད།

    ད་ཐེངས་ཀྱི་ལག་བསྟར་གྱོད་དངུལ་གཅིག་སྡུད་ཐོག་སྤྲོད་པའི་ཚོགས་ཆེན་ནི་ལག་བསྟར་ལས་དོན་གྱི་གྲུབ་འབྲས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་མི་དམངས་མང་ཚོགས་ཀྱིས་ལག་བསྟར་ལས་དོན་ལ་བཏོན་པའི་རེ་བ་གསར་པ་དང་རེ་སྒུག་གསར་པར་ལན་ཧུར་ཐག་བརྒྱབ་སྟེ། ལག་ལེན་དངོས་དང་ལག་བསྟར་གྱི་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་ལ་བློ་དཀར་སེམས་དཀར་དང་འགན་འཁྲི་འཁུར་ཕོད་པ་གསལ་བཤད་བྱས་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།