སྨན་གླིང་རྫོང་གིས།
མཐའ་མཚམས་ཀྱི་དབྱར་དུས་བདེ་འཇགས་དང་རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།
ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གནས་ལུང་མཐའ་མཚམས་མངགས་གཏོང་ཁང་གི་སློབ་སྟོན་པ་ཝུའུ་མིན་གྱིས། “བྱ་སྤྱོད་འགོ་བཙུགས། ཚོགས་ཆུང་ཁག་རླངས་འཁོར་དུ་འཛུལ་ཞིག”ཅེས་བཀའ་བཏང་བ་དང་བསྟུན་ནས་སུའོ་དེའི་དབྱར་དུས་ཀྱི་གཅིག་སྡུད་མཚན་བཤེར་བྱ་སྤྱོད་དངོས་སུ་འགོ་ཚུགས།
ད་ཐེངས་ཀྱི་དབྱར་དུས་ཀྱི་མཚན་བཤེར་ནི་སྨན་གླིང་མཐའ་མཚམས་དོ་དམ་རུ་ཆེན་གྱིས་དབྱར་དུས་ཀྱི་བདེ་འཇགས་དང་རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཀྱི་བླང་བྱ་གཞིར་བཟུང་། སྨན་གླིང་གྲོང་ཁྱེར་གྱི་མཐའ་མཚམས་ཤང་གྲོང་བདུན་ལ་དུས་གཅིག་ཏུ་སྤེལ་བའི་བྱ་སྤྱོད་ཅིག་རེད། དེའི་རིང་རུ་ཆེན་དེའི་ཚན་པ་ཁག་གི་མི་དམངས་ཉེན་རྟོག་པ་ཁོངས་གཏོགས་ཁུལ་གྱི་ཨར་ཁང་དང་། མགྲོན་ཁང་། ཇ་ཁང་སོགས་སུ་བསྐྱོད་ནས་ཆགས་སྲེད་དང་། རྒྱན་འཛུགས། དུག་འཐེན་པ་བཅས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། ཁྲོམ་གཞུང་ཁག་གི་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་ནས། མང་ཚོགས་ལ་སྒྲིག་བཀུར་ཁྲིམས་སྲུང་གི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། འཛིང་རེས་དང་རྒྱག་རེས་རྒྱག་པའམ་ཡང་ན་ཆང་རག་བཏུངས་ནས་ཟིང་སློང་བ་སོགས་ཀྱི་མཇུག་འབྲས་གསལ་པོར་བཤད་པ། མང་ཚོགས་ལ་རྒྱག་རེས་བརྒྱབ་ན་དཔལ་འབྱོར་ཐད་ནས་ཁ་གསབ་སྤྲོད་དགོས་པ་མ་ཟད་ད་དུང་ཁྲིམས་ཆད་ཕོག་ལུགས་བཤད་དེ། དམ་བསྒྲགས་རྣམ་པའི་ཐོག་ནས་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ཟིལ་གྱིས་གནོན་རྒྱུ་མཐའ་འཁྱོངས་བྱས།
ཕད་མཐའ་མཚམས་མངགས་གཏོང་ཁང་དང་གནས་ཡུལ་མཐའ་མཚམས་མངགས་གཏོང་ཁང་གིས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་བ་དང་རྩོད་གཞི་ཐོན་མང་བའི་དོན་དངོས་ལ་དམིགས་ཏེ། ཁྲོམ་ར་ལྟ་འདོམས་ཅུས་དང་བཟོ་ཚོང་ཅུས་དང་མཉམ་དུ་ཚོང་ཁང་དང་དམངས་སྲོལ་གནས་ཚང་ལ་ཞིབ་བཤེར་བྱས་ནས། ལས་རིགས་ཁག་གི་འབྲེལ་ཡོད་འགན་འཁུར་བར《ཡིད་རྟོན་གཉེར་སྐྱོང་གི་འགན་འཁྲིའི་ཡི་གེར》མིང་ཐོ་འགོད་དུ་བཅུག་པ་མ་ཟད། མཛེས་ལྗོངས་ཁུལ་དང་དམངས་སྲོལ་གནས་ཚང་གི་བདེ་འཇགས་ལ་ཞིབ་བཤེར་ནན་པོ་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས། གཉེར་སྐྱོང་གི་རྩོད་གཞི་ཐོན་ཚད་ཉུང་དུ་དང་། ཡུལ་སྐོར་བའི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། ཨོ་རོང་ཁོངས་གཏོགས་ཁུལ་དུ་དབྱར་རྩྭ་དགུན་འབུའི་ཉོ་ཚོང་བྱེད་ཚད་མང་བས། མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁ་བསླུས་མི་ཐེབས་པ་བྱ་ཆེད། ཁོངས་གཏོགས་ཁུལ་དུ་ཁ་བསླུས་ལ་འགོག་རྒོལ་བྱེད་པའི་དྲིལ་བསྒྲགས་གཏིང་ཟབ་སྤེལ་ཏེ། གློག་འཕྲིན་གྱི་ཁ་བསླུས་རྒྱག་སྟངས་དང་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོད་རྒྱུན་དུ་ཐོན་པའི་ཁ་བསླུས་ཀྱི་གྱོད་དཔེ་སྣ་ཚོགས་ངོ་སྤྲོད་བྱས་ནས། མང་ཚོགས་ལ་སྔོན་འགོག་བྱེད་ཐབས་དང་ཐག་གཅོད་བྱེད་ཐབས་བཏོན་པ་རེད། གནས་ལུང་མཐའ་མཚམས་མངགས་གཏོང་ཁང་གིས་གཙོ་གནད་རྣམ་གྲངས་ལས་ཡུལ་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཡུལ་དུ་མཐའ་མཚམས་དོ་དམ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་གྱིས་བཟོ་པའི་བསམ་བློ་བརྟན་པོ་དང་ལས་ཀ་བདེ་བླག་ཡོང་བའི་འགན་ལེན་བྱས་ནས། ཁོངས་གཏོགས་ཁུལ་གྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཆེ་གྲས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད། ཆབ་ནག་མཐའ་མཚམས་མངགས་གཏོང་ཁང་དང་། སྨན་གླིང་མཐའ་མཚམས་མངགས་གཏོང་ཁང་། གངས་དཀར་ཟམ་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་བཅས་ཀྱིས་ས་བབ་ཀྱི་ལེགས་ཆ་གང་ཡོད་བཏོན་ཏེ། འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ལམ་དུམ་གཙོ་བོར“སྲུང་ཐག་གཅིག་དང་སྦག་ཞྭ་གཅིག”གི་བཅོས་སྐྱོང་དང་ཆང་བཏུངས་ནས་རླངས་འཁོར་གཏོང་བ་དང་ར་བཟི་ནས་འཁོར་རིགས་གཏོང་བར་རྡུང་རྡེག་དང་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས། མཐའ་མཚམས་སུ་འབྱོར་བའི་མི་སྣ་དང་རླངས་འཁོར་ལ“ངེས་པར་དུ་ཞིབ་བཤེར་བཞི”ལག་ལེན་ནན་པོ་བསྟར་ཏེ། མཐའ་མཚམས་དོ་དམ་ཁུལ་གྱི་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་གྱིས་མཐའ་མཚམས་དོ་དམ་གྱི་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་བྱས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། དབྱར་དུས་ཀྱི་བདེ་འཇགས་དང་རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་རིང་། རུ་ཆེན་དེས་བྲོས་བྱོལ་དུ་སོང་བའི་མི་1བཟུང་པ་དང་། ཁྲིམས་འགལ་མི་སྣ་4ལ་ཞིབ་བཤེར་ཐག་གཅོད། འགལ་བ་དང་རྩོད་གཞི་21འདུམ་འགྲིག འབྲེལ་བ་ཆད་པའི་ཡུལ་སྐོར་བ་14ལ་རོགས་སྐྱོབ་བཅས་བྱས་ཏེ། ཡུལ་སྐོར་བ་དང་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་5ལྷག་ཙམ་གསབ་ཡོད།