མེ་ཟོན་བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་།
ལོ་རེའི་ཟླ་9པ་ནི་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་ཡིན་ཞིང་། ཉེ་ཆར་རང་ལྗོངས་ཀྱི་མེ་ཟོན་རོགས་སྐྱོབ་ཚན་པས་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མང་ཚོགས་ལ་མེ་ཟོན་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
འདི་ནི་མེ་ཟོན་རོགས་སྐྱོབ་རུ་མིས་མང་ཚོགས་ལ་མེ་ཟོན་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།