དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • རྒྱལ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ཟླ་9ཚེས་8ཉིན་གསར་འགོད་པར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་25ཉིན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་ཀྱི་བདེ་སྲུང་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཚུན། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་རྒྱལ་ཁབ(མཐའ་མཚམས)དོ་དམ་ལ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་གཞི་9150མྱུལ་ཞིབ་བྱས་པ་དང“ཁྲིམས་དང་མི་མཐུན་པར་མཐའ་མཚམས་ནས་འཛུལ་བ་དང་། ཁྲིམས་དང་མི་མཐུན་པར་གཞིས་ཆགས་པ། ཁྲིམས་དང་མི་མཐུན་པར་ལས་ཞུགས་བྱས་པ”བཅས་ཀྱི་ཕྱི་རྒྱལ་བ་མི་ཐེངས་14222ལ་ཞིབ་བཤེར་ཐག་གཅོད་བྱས་ནས་རྒྱལ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་དང་རྒྱུན་གཏན་གྱི་རྒྱལ་མཚམས་འཛུལ་སྒྲོལ་གྱི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།