དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས།

    འགྲིམ་འགྲུལ་བདེ་འཇགས་སློབ་གསོའི་བྱེད་སྒོ་གྲོང་གསེབ་ཏུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    གྲོང་གསེབ་ཏུ་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ཟས་ཕུ་གྲོང་ཚོར་བསྐྱོད་དེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་དྲིལ་བསྒྲགས་བྱེད་ཐབས་སྤྱད་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་སྐྱོད་པའི”འགྲིམ་འགྲུལ་བདེ་འཇགས་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་གྲོང་མི་མི་རེ་ངོ་རེར་ཁྱབ་བསྒྲགས་ཐུབ་པ་བྱས་ཡོད།

    མི་དམངས་ཉེན་རྟོག་པས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ངལ་རྩོལ་བྱེད་བཞིན་པའི་མང་ཚོགས་དང་འགྲིལ་འགྲུལ་བདེ་འཇགས་སྐོར་ཅི་འཕྲོས་མོལ་འཕྲོས་བྱས་ནས་མང་ཚོགས་ལ་སྦག་སྦག་གཏོང་སྐབས་གཏན་འབེབས་ལྟར་རྨོག་ཞྭ་མི་གོན་པ་དང་། མི་གྲངས་ཐེག་ཚད་ལས་བརྒལ་བ། ངལ་དུབ་ངང་རླངས་འཁོར་གཏོང་བ། ཆང་བཏུང་འཁོར་གཏོང་། སྲུང་ཐག་མི་རྒྱག་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེའི་སྐོར་འགྲེལ་བཤད་བརྒྱབ་པ་མ་ཟད། སོ་ནམ་བྱེད་རིང་འགྲིམ་འགྲུལ་བདེ་འཇགས་ཡིད་ལ་དམ་པོར་འཛིན་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།