དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཆེན་གྱིས།

    ཀུང་སི་ཞིག་གིས་ཁྲིམས་ལས་འགལ་ནས་བྱིས་པ་ལས་མིར་སྤྱད་པའི་བྱེད་སྤྱོད་ཅིག་ཤེས་རྟོགས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཆེན་གྱིས་རྒྱུན་གཏན་ལས་དོན་སྤེལ་རིང་། ཀུང་སི་ཞིག་གིས་ཁྲིམས་འགལ་ངང་བྱིས་པ་ལས་མིར་སྤྱད་པའི་བྱེད་སྤྱོད་ཅིག་ཤེས་རྟོགས་བྱུང་བ་རེད།

    གྱོད་གཞི་སྒྲུབ་རིང་། སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཆེན་གྱིས་བོད་ཀྱི་བརྡ་ཁྱབ་མཚོན་རྟགས་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གིས་ཁྲིམས་འགལ་ངང་བྱིས་པ་ལས་མིར་སྤྱད་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་བ་རེད། ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་ཀུང་སི་དེའི་འགན་འཁུར་བར་སྐྱོན་བརྗོད་སློབ་གསོ་བཏང་བ་དང་འབྲེལ། ཁེ་ལས་ཀྱི་ཁྲིམས་མི་དང་ངལ་རྩོལ་པར་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་བཏང་སྟེ། མི་སྤྱོད་ཚན་པའི་ཁྲིམས་སྲུང་འདུ་ཤེས་དང་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན15པའི་གཏན་འབེབས་གཞིར་བཟུང་། “མི་སྤྱོད་ཚན་པས་ལོ་བཅུ་དྲུག་ལ་མ་སླེབས་པའི་བྱིས་པ་ལས་མིར་བསྡུ་མི་ཆོག” 《བྱིས་པ་ལས་མིར་སྤྱོད་མི་ཆོག་པའི་གཏན་འབེབས》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་364པའི)དོན་ཚན་གཉིས་པར“རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པའམ་ཡང་ན་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཚང་མས་ལོ16ལ་མ་སླེབས་པའི་བྱིས་པ་ལས་མིར་བསྡུ་མི་ཆོག་པའི”གཏན་འབེབས་བྱས་ཡོད།

    དེའི་ཐད། སྟོད་ལུང་བདེ་ཆེན་ཆུས་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཆེན་གྱི་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་ཀུང་སི་དེར་དངུལ་ཆད་སྒོར་ཁྲི་གཉིས་བཅད་པ་དང་འབྲེལ་ཉིན་གསུམ་ནང་ཚུན་དུ་བྱིས་པ་དེ་ཁྱིམ་དུ་སྐྱེལ་དགོས་པའི་བཀའ་བཏང་བ་རེད།

    མཐུན་སྦྱོར་བྱས་པ་བརྒྱུད། བྱིས་པ་ལས་མི་དེས་སྡོད་གནས་སུ་ལོག་ནས་མུ་མཐུད་འོས་འགན་སློབ་གསོ་དང་ལེན་བྱེད་འདོད་ཡོད་ལུགས་བརྗོད་པ་རེད། ཀུང་སི་དེས་སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཆེན་ལ་ཁས་ལེན་ཡི་གེ་བཏོན་ནས་ཀུང་སི་དེའི་ཁྲིམས་བཅད་འཐུས་ཚབ་པས་བྱིས་པ་ལས་མི་བདེ་འཇགས་ངང་ཁྱིམ་དུ་སྐྱེལ་རྒྱུའི་ཁས་ལེན་བྱས་པ་རེད། མིག་སྔར་བྱིས་པ་དེ་ལྷ་ས་ནས་བདེ་འཇགས་ངང་ལོག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།