དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས།

    མེ་ཟོན་རུ་མི་གསར་པའི་སློབ་གསོ་དོ་དམ་ལས་དོན་ཏན་ཏིག་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    མེ་ཟོན་རུ་མི་གསར་པ་ཁོར་ཡུག་གསར་པར་འཕྲོད་པ་དང་། མཉམ་སྡེབ་གསར་པར་མཉམ་འདྲེས་ཐུབ་པ། ལས་གནས་གསར་པར་འགན་ཁུར་ཐུབ་པ་བཅས་ཀྱི་འགན་ལེན་བྱ་ཆེད། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་ཞིབ་འཇུག་ནན་ཏན་དང་། ཇུས་འགོད་ཞིབ་ཚགས། ཐབས་མང་མཉམ་འདོན་བཅས་བྱས་ནས་མེ་ཟོན་རུ་མི་གསར་པའི“འཚམ་འཕྲོད་དུས་ཚོད་ཁག་གཉིས་པའི”སློབ་གསོ་དོ་དམ་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་རེད།

    རུ་ཆེན་དེས་སྤྱི་ཁྱབ་རུ་ཁག་གི《མེ་ཟོན་རུ་མི་གསར་པའི“འཚམ་འཕྲོད་དུས་ཐེངས་གཉིས་པའི”སློབ་གསོ་དོ་དམ་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་དམིགས་སའི་རང་བཞིན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློའི་ཧུར་བརྩོན་རང་བཞིན་མཐའ་འཁྱོངས་དང་དོ་དམ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད།

    གཅིག་ནས་ཞི་མཐུན་ཁོར་ཡུག་ཧུར་ཐག་བསྐྲུན་ཞིང་། “དྲོ་སྐྱིད་སྦྱིན་པ་དང་བརྩེ་སེམས་འཆང་བའི”བྱེད་སྒོ་ཤུགས་ཆེན་སྤེལ་ནས“མི་སེམས་དྲོས་པ་དང་མི་སེམས་འགུག་པར”ཤུགས་བརྒྱབ་པ་དང་། དགའ་བསུ་ཞུ་བའི་མཛད་སྒོ་དང་། མཉམ་སྡེབ་གསོལ་སྟོན། རུ་ཆེན་གྱི་གནས་ཚུལ་ངོ་སྤྲོད། སྲོལ་རྒྱུན་ངོ་སྤྲོད་སོགས“ཁག་གཅིག་རེ་བཅུའི”བྱེད་སྒོ་ནན་ཏན་ངང་སྒྲིག་འཛུགས་བྱས་ཏེ་སྤེལ་བ། མ་འདྲིས་པའི་སྣང་བ་དུས་ཐོག་ཏུ་བསལ་ནས་སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་ནུས་ལྡན་བཏང་ཡོད།

    གཉིས་ནས་བསམ་པའི་གདིང་གཞི་ཕྱོགས་ཡོངས་ནས་གསལ་རྟོགས་བྱས་ཤིང་། མེ་ཟོན་རུ་མི་གསར་པའི་བསམ་བློ་གཏོང་སྟངས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱ་ཆེད། རུ་ཆེན་གྱིས་ལས་བྱེད་རྐང་འཛིན་པ་རེ་རེ་དང་སྙིང་གཏམ་ཤོད་རེས་དང་མཉམ་སྡེབ་ཀྱི་བཞུགས་མོལ་སོགས་ཀྱི་བྱ་ཐབས་སྤྱད་དེ“གཙང་བཤེར་བཞི”དངོས་སུ་བསྒྲུབས་པ་དང་། “ཕན་ཚུན་གསུམ”དང“བཞི་གཅིག་ཟུང”སོགས་ཀྱི་གཞི་རྟེན་གང་ལེགས་སྤྱད་དེ་བསམ་བློ་ཤེས་རྟོགས་དང་སེམས་ཁམས་སློབ་གསོའི་ལས་དོན་གཏིང་ཟབ་ངང་ཡག་པོ་བསྒྲུབས་པ། དཀའ་ངལ་དང་། དོགས་གཞི། འགལ་ཟླ་བཅས་ཀྱི་གནད་དོན་དུས་ཐོག་ཏུ་རྗེས་སྙེག་ཐག་གཅོད་བྱས་ཏེ“རུ་མི་གཅིག་དང་ལས་དོན་གཅིག”གི་བསམ་བློའི་ལས་དོན་ཞིབ་ཚགས་ཏན་ཏིག་ངང་བསྒྲུབས་ཡོད།

    གསུམ་ནས་ལས་འགན་དང་འགན་འཁྲིའི་སློབ་གསོ་སྤེལ་ཞིང་། རུ་ཆེན་གྱི་ལས་བྱེད་རྐང་འཛིན་པས་དུས་ཐོག་ཏུ་མེ་ཟོན་རུ་མི་གསར་པ་གཟི་བརྗིད་ཁང་དང་སྒར་ཁུལ་དུ་ལྟ་སྐོར་བྱེད་པར་ཁྲིད་དེ་ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་དང་། ལྟ་སྐོར་སློབ་སྦྱོང་། མྱོང་ཚོར་སྤེལ་རེས་སོགས་ཀྱི་བྱ་ཐབས་བརྒྱུད་མེ་ཟོན་རུ་མི་གསར་པ་རུ་ཆེན་གྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་གཟི་བརྗིད་ལྡན་པའི་གྲུབ་འབྲས་ལ་ཤེས་རྟོགས་དང་། རུ་ཆེན་གྱི་གནས་ཚུལ་ངོ་མ་མྱོང་ཚོར་ཐུབ་པར་བྱས་ཡོད་ལ། མེ་ཟོན་རུ་མི་གསར་པས་རྒྱུན་འཛིན་ཁྲོད་སྲོལ་རྒྱུན་བཟང་པོ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་མཐུད་བྱས་ཏེ་ལས་གནས་གསར་པར་བྱས་རྗེས་འཇོག་པའི་འབད་བརྩོན་གྱི་སེམས་ཤུགས་དང་སྔོན་ཐོན་ལས་བརྩོན་གྱི་ཡར་རྒྱས་སྙིང་སྟོབས་སྐུལ་སྤེལ་བྱས་ཡོད།

    བཞི་ནས་འཇོན་ཐང་ཆེ་རུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཞིང་། མེ་ཟོན་རུ་མི་གསར་པས་སྦྱོང་བརྡར་གྱི་སློབ་ཚན་ལ་རྒྱུས་མངའ་ལོན་པ་དང་། ཆེད་ལས་རྩལ་ནུས་ཁོང་དུ་ཆུད་པ། ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། རུ་མི་གསར་རྙིང་རང་འགུལ་ངང་ཆ་སྒྲིག་བྱས་ཏེ་སློབ་སྦྱོང་དང་། སྦྱོང་བརྡར། ལས་ཀ་བཅས་ཀྱི་སྐབས“དམར་ཁྲིད”དང“ངོ་ཐུག་གདོང་འཕྲད”ཀྱིས་རྩལ་ནུས་སློབ་པ་དང་། བསམ་བློར་རོགས་རམ། སྤྱོད་ཚུལ་ལ་ཁྲིད་སྟོན་བཅས་བྱས་ཏེ“རྒྱུད་རོགས་ཁྲིད་གསུམ”ལ་བརྟེན་ནས་མེ་ཟོན་རུ་མི་གསར་པའི་ལས་གནས་ཀྱི་འགན་འཁྲི་ཁུར་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།