དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་འགག་སྒོས།

    ཕྱི་ནས་ཡོང་བའི་དངོས་རིགས་ལ་བཀག་འགོག་ནན་པོ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    གསར་འགོད་པར་ཤེས་རྟོགས་བྱུང་བར། འགག་སྒོའི་ནད་ཡམས་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། འགག་སྒོའི་ནད་ཡམས་ཞིབ་བཤེར་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། ཕྱི་ནས་ཡོང་བའི་དངོས་རིགས་ལ་བཀག་འགོག་ནན་པོ་བཅས་བྱ་ཆེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བཀོད་སྒྲིག་ལྟར་ལྷ་ས་འགག་སྒོས་དུས་ཡུན་ལོ་གསུམ་གྱི་ཕྱི་ནས་ཡོང་བའི་དངོས་རིགས་ལ་བཀག་འགོག་ནན་པོ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ཟླ་7པའི་བར་ལྷ་ས་འགག་སྒོས་རྒྱལ་མཚམས་ནང་ཁྱེར་མི་ཆོག་པའི་སྲོག་ཆགས་དང་། རྩི་ཤིང་། དེ་བཞིན་དེའི་ཐོན་རྫས་ཁག་ཐེངས་48དང་སྟོང་ཁེ170.46བཀག་པ་དང་། ཕྱི་ནས་ཡོང་བའི་དངོས་རིགས་ལ་བཀག་འགོག་ནན་པོ་བྱེད་པའི་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།