དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས།

    འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་ཀྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་རྣམ་པ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད།

    འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཏན་ཏིག་གཏོང་ཆེད། མི་དམངས་ཉེན་རྟོག་པས“ཐར་པ་གཏན་ནས་མི་གཏོང་བ་དང་། ཁྲིམས་སྒྱུར་ནན་པོ་བྱེད་པ། དྲིལ་བསྒྲགས་ཞིབ་ཚགས་བྱེད་པ། སློབ་གསོ་ཡག་པོ་གཏོང་བ”བཅས་ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་དང་། “གནས་གཏན་ལས་སྒྲུབ་དང་སྐོར་སྐྱོད་སྐོར་ཞིབ”ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། ཤོང་ཚད་ལས་བརྒལ་བ་དང་། མྱུར་ཚད་ལས་བརྒལ་བ། མི་ཚད་ལས་བརྒལ་ཏེ་བླུགས་པ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་ལམ་ངོས་ཀྱི་རླངས་འཁོར་བཅོས་སྒྲིག་ནན་པོ་བྱས་ནས། ཁ་ལོ་བ་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་པ་མ་ཟད། འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་མཉམ་དུ་སྲུང་སྐྱོང་བྱས་ཡོད།

    ཐེངས་འདིའི་བྱ་སྤྱོད་ནང་ཁྱོན་རླངས་འཁོར་60ལྷག་ཙམ་དང་མི་80ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་སྔར་བས་ལེགས་སུ་བཏང་བ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་དོ་དམ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།