དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས།

    གཞོན་ནུ་ལོ་ཆུང་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སློབ་གསོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ས་བབ་ཀྱི་ལེགས་ཆ་དང་ལྟེ་བའི་གྲོང་ཁྱེར་གྱི་ཞིབ་དཔྱོད་ཁྱད་ཆོས་ལ་གཞི་ཚུགས་ཏེ། ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་གི་གཙོ་ཁྲིད་འགན་འཁྲི་རང་རྟོགས་ངང་འཁུར་བ། ན་སོ་དར་ལ་མ་བབས་པའི་མིའི་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་ལ་དམིགས་པ། “དྲོ་སྐྱིད”ན་སོ་དར་ལ་མ་བབས་པའི་མིའི་ལས་དོན་ཁང་གི་སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཇུས་འགོད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ཁྱོན་ཡོངས་ལ་ཁྱབ་པའི“སློབ་གྲྭར་ཁྲིམས་སྐྱོང་ཤེས་བྱ་སྤེལ་བའི”བྱེད་སྒོར་སྐུལ་འདེད་བཏང་བས་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    “ཞིབ་དཔྱོད་གྲོས་འགོ་ཨང་དང་པོ”དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ཆོས་ཟབ་མོ་ལྡན་པའི“དྲོ་སྐྱིད”ན་སོ་དར་ལ་མ་བབས་པའི་མིའི་ལས་དོན་ཁང་འཛུགས་པ། ཅན་ཁྲ་ཀྲང་ངོ་མས་བཀོད་སྒྲིག་དང་དཔེ་སྟོན་སྣེ་ཁྲིད་བཅས་བྱས་ནས། སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་དང་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་འགན་ཁུར་ཏེ། རྒྱུན་རྣམ་ཅན་གྱིས“སློབ་གྲྭར་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་སྤེལ་བ་དང་། གཞོན་ནུ་ལོ་ཆུང་ལ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    གྲོང་ཁྱེར་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་སྟོབས་ཤུགས་བསྡུ་སྒྲིལ་ཧུར་ཐག་བྱས་ནས“དྲོ་སྐྱིད”ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་སློབ་གྲྭ་གཙོ་གནད་དུ་བྱས་ནས“སློབ་གྲྭ་བརྒྱར་ཁྲིམས་ལུགས་དྲིལ་བསྒྲགས་དང་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ལ་སྲུང་སྐྱོང”བྱེད་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས་80ལྷག་ཙམ་བྱས་པར་སློབ་མ་མི་ཐེངས་ཁྲི་8ལྷག་ཙམ་ཟིན་ཡོད། སྡེ་ཚོགས་ལྗོངས་ཨུ་ལྷན་དང་མཉམ་དུ་མངའ་རིས་དང་། གཞིས་རྩེ། ཉིང་ཁྲི། ཆབ་མདོ། ལྷོ་ཁ། ནག་ཆུ་སོགས་གྲོང་ཁྱེར་དང་ས་ཁུལ་6དང་མཐུན་སྦྱོར་བྱས་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བ་རེད།

    གཞོན་ནུ་ལོ་ཆུང་གི་ཉེས་གསོག་སྔོན་འགོག་གི་ཕྱོགས་བསྡུས་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་བསྐྲུན་པ་དང་། རྟེན་གཞིའི་རྒྱ་ཁྱོན་སྨི་ངོས་གྲུ་864ལྷག་ཙམ་ཟིན་པ་དང་མ་དངུལ་བསྡོམས་སྒོར་ཁྲི་582.11ལྷག་ཙམ་བཏང་ཡོད། རྟེན་གཞི་དེར་ཁྲིམས་སྦྱོང་སློབ་ཁང་དང་། ལད་ཟློས་ཁྲིམས་ར། སེམས་ཁམས་ལྷན་དཔྱད། སེམས་ཁམས་ཁྲིད་སྟོན། གཉེན་ཉེར་སློབ་གསོ། སེམས་སྡུག་ཤོད་པ་སོགས་ཀྱི་བྱེད་ནུས་ཁང་བཙུགས་ཡོད།

    གཞན་ཡང་ཞིབ་དཔྱོད་ཁང་དང་སློབ་གྲྭའི་དབར་གྱི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས“དྲུག་གཅིག”དང་། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ” “དབྱར་གསེང་དང་དགུན་གསེང་གི་མཇུག་མཐའི་སློབ་ཐུན”སོགས་ཀྱི་དུས་ཚོད་གང་ལེགས་སྤྱད་དེ། ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ་དང་། ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ། གྱོད་དཔེ་ཤོད་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྤྱད་ནས། སློབ་གསོའི་སྡེ་ཚན་དང་མཉམ་དུ་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་རྒྱུ་དེ་སློབ་གྲྭའི་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་ནང་བཅུག་པས། སྤྱི་ཚོགས་ཀྱི་ཕན་འབྲས་དང་བཅའ་ཁྲིམས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་ཁྲིམས་ལྟེ་བར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་བརྒྱུད་སྤེལ་རྒྱ་ཁྱབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། ཁྲིམས་སྐྱོང་ལྷ་ས་བསྐྲུན་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།