དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉི་མ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ལས་ཕྱོད་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ཨུད་རྩ་འཛུགས་པུས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས“གྲོང་ཚོས(སྡེ་ཁུལ)སོ་ལྟ་བྱེད་པ་དང་ཏང་ཡོན་འབྱོར་ཐོ་འགོད་པའི”ལམ་ལུགས་བཟོས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་བཅོས་སྐྱོང་གི“མཐའ་མའི་འགག་གནད”སྒྲོལ་ཐུབ་པར་བྱས་པ་རེད།

    ལམ་སྲོལ་གྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། ཞབས་ཞུའི་དོ་དམ་དྲ་མིག་ཅན་ཐོག་བཞག་པ་དང་གནད་དོན་དྲ་མིག་ཅན་ཐོག་ཐག་གཅོད་བྱས་ཏེ“འཕྲེད་གཞུང་སྣོལ་མ་དང་། ཡུག་བགོས་འགན་གཙང་། ཁྱོན་ཡོངས་ལ་ཁྱབ་པ། རིམ་དབྱེ་དོ་དམ། དྲ་མིག་ཅན་མཐའ་འཁྱོངས”བཅས་ཀྱི་དྲ་མིག་ཅན་གྱི་དོ་དམ་མ་ལག་ཅིག་བསྐྲུན་ཡོད།

    ལེགས་ལྡན་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཡོད། ཏང་རྩ་འཛུགས་ཁག་གིས་རང་སོ་སོའི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཕུགས་ཕན་ལམ་སྲོལ་བཙུགས་པའི་ནང་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཀྲི་པུའུ་ཁག་གིས“དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་དང་སྒོ་རྩར་ལག་ཁྱེར་སྐྱེལ་བར་བསྐྱོད་པ”སོགས་དམངས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་བཏང་བ་དང་རྫོང་སྲིད་གཞུང་གི་མཉམ་འབྲེལ་ཏང་ཀྲི་པུའུ་གཉིས་པས“ཞིང་འབྲོག་ཚན་རྩལ་མཛུབ་ཁྲིད་ཞབས་ཞུའི”བྱེད་སྒོ་སྤེལ་ནས་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ཞིང་འབྲོག་མང་ཚོགས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་བཏང་བ་སོགས་བྱས་ཡོད།

    བཅོས་སྐྱོང་གི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྣ་མང་མཉམ་བཅོས་ཀྱི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་བཏོད་ཡོད། “ཏང་ཀྲི་པུའུ་དང་། དྲ་མིག་ཅན། གཉིས་ལྡན་དུད་སྦྲེལ། ཚན་རྩལ་འདེགས་སྐྱོར”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་བཏོད་དེ“ཏང་ཀྲི་པུའུ་དྲ་མིག་ཅན་དུ་འཛུགས་པ་དང་ཏང་ཚོགས་ཆུང་དུད་སྦྲེལ་ཐོག་བསྐྲུན་པའི”བྱེད་སྟངས་ཁྱབ་གདལ་བཏང་ནས་ཏང་འཛུགས་སྐྱོང་ལས་དོན་གཞི་རིམ་བཅོས་སྐྱོང་གི་འཐབ་ས་དང་པོར་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།