དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གཉིས་པས་ལྷོ་ཁ་གྲོང་ཁྱེར་ལ་ཁག་དང་པོའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གྱོད་གཞི་རྩིས་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ཉེ་དུས། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གཉིས་པས་ལྷོ་ཁ་གྲོང་ཁྱེར་ལ་ཁག་དང་པོའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གྱོད་གཞི་རྩིས་སྤྲད་པ་དང་འབྲེལ། བླང་བྱ་གཞིར་བཟུང་དག་ཐེར་བསམ་འཆར་ཡང་བཏོན་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས། ལྷོ་ཁ་གྲོང་ཁྱེར་གྱིས་ལྟ་བཤེར་ཚོཌ་ཆུང་གིས་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞིར་བརྟག་དཔྱད་ཞིབ་དཔྱད་ནན་ཏན་བྱས་ཏེ་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་དང་། དོན་གཉེར་ནན་ཏན་གྱི་སྤྱོད་ཚུལ། ཏན་ཏིག་ནུས་ལྡན་གྱི་བྱ་ཐབས་བཅས་ཀྱི་སྒོ་ནས་མང་ཚོཌ་ཀྱིས་ཐེར་འདོན་བྱས་པའི་གནད་དོན་དག་ཐེར་བྱ་རྒྱུར་དམ་འཛིན་ཡག་པོ་དང་། འབྲེལ་ཡོད་ཀྱི་གོ་རིམ་དང་བླང་བྱ་གཞིར་བཟུང་རྩིས་སྤྲད་པའི་གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲཌ་ཡག་པོ། རང་འགུལ་ངང་མང་ཚོཌ་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ནས་དག་ཐེར་ལས་དོན་ལ་ཕན་འབྲས་དངོས་ཐོན་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། མིག་སྔའི་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གཉིས་པར་ཁྱོན་མང་ཚོགས་ཀྱི་ཁ་པར་72འབྱོར་བའི་ནང་། བློ་འདྲིའི་རིགས་ཀྱི་ཁ་པར་69དང་། སྐྱེ་ཁམས་ཁོར་ཡུག་གི་ཁྱབ་ཁོངས་མིན་པའི་ཐེར་འདོན་ཁ་པར་2 སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཐེར་འདོན་ཁ་པར་1བཅས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།