བརྒྱུད་རིམ་ཧྲིལ་པོར་གནད་འགག་དམ་འཛིན་དང་ཞིབ་ཚགས་ཅན་གྱི་མཛུབ་ཁྲིད་བྱས་ནས་བོད་ཀྱི་སྐོར་གཟིགས་དག་ཐེར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ།
སྐོར་གཟིགས་ཀྱི་རལ་གྲི་རྣོན་པོར་ཟིལ་ཤུགས་དེ་བས་ཆེ་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་གཉིས་པའི་སྐོར་གཟིགས་ཀྱིས་མང་ཚོགས་ཀྱི་བསམ་འཆར་ཅུང་ཆེ་བ་དང་། འགལ་བ་དང་གནད་འགག་མངོན་གསལ་དོད་པ། ལྷག་པར་དུ་མང་ཚོགས་ཀྱི་སྒྲིག་ཁྲིམས་དང་འགལ་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཞིབ་ཕྲའི་གནད་དོན་ལ་དམིགས་ནས། སྐོར་གཟིགས་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་ལན་སྤྲད་པ་དང་འབྲེལ། དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག བོད་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་ངང་བརྡ་ཁྱབ་ཀྱང་བཏང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནད་དོན་ཤེས་རྟོགས་བྱེད་པའི་དམིགས་ཡུལ་ནི་གནད་དོན་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། རིམ་ཁག་ཏང་ཨུད(ཏང་ཙུའུ)ལ་སྐོར་གཟིགས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། དག་ཐེར་བྱ་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་བ། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ། སྐྱོན་ཆ་སེལ་བ་དང་། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་སྐུལ་མ་བཏང་ཡོད།
སྐོར་གཟིགས་སྐོར་ཞིབ་ལས་ཁུངས་ཀྱིས་གནད་དོན་གྱི་ཤུགས་རྒྱག་ས་གནད་སྨིན་ངང་འཚོལ་བ་དང་། གནད་དོན་དག་ཐེར་བྱ་རྒྱུ་དེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་སྐུལ་འདེད་དང་ཐག་གཅོད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། སྐོར་གཟིགས་སྐོར་ཞིབ་ཀྱི་ཆེད་དོན་ལྟ་སྐུལ་དང་། སྐོར་གཟིགས་སྐོར་ཞིབ་ཀྱི་དག་ཐེར་གནས་ཚུལ་ཡོངས་བསྒྲགས་ངང་བརྡ་ཁྱབ། དག་ཐེར་དཔྱད་དཔོག་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་དག་ཐེར་གྱི་འགན་འཁྲི་ནན་དུ་བཏང་སྟེ་མི་དམངས་མང་ཚོགས་ཚོས་སྐོར་གཟིགས་སྐོར་ཞིབ་ཀྱི་འགྱུར་ལྡོག་དངོས་ཚོར་ཐུབ་པ་བྱས་ཡོད། མི་རིང་བའི་གོང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ཚོགས་ཆུང་གིས་ས་གནས་དང་། ཚན་པ། ཁེ་ལས་བཅས་ཁག་26གི་ཏང་རྩ་འཛུགས་ལ་སྐོར་གཟིགས་བྱས་ནས་ཚུར་ལན་སྤྲད་ཅིང་། མིག་སྔའི་བར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ཚོགས་ཆུང་གིས་ཁྱོན་གནད་དོན་གྱི་ཁུངས་སྣེ་272ཤེས་རྟོགས་བྱུང་བ་དང་སྐོར་གཟིགས་བྱ་ཡུལ་ཚན་པར་གནད་དོན་1150ཚུར་ལན་སྤྲད་པ་རེད།
རང་སྐྱོང་ལྗོངས་སྒྲིག་ཨུད་ལས་ཁུངས་ཀྱིས་དག་ཐེར་ལ་སྐུལ་འདེད་གཏོང་བ་དེ་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དང་རྒྱུན་གཏན་གྱི་ལྟ་སྐུལ་ཏན་ཏིག་སྒྲུབ་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། “སྣེ་གཉིས་ལ་དམ་འཛིན་དང་བར་དུ་སྐུལ་འདེད་གཏོང་བ”དེ་སྐོར་གཟིགས་དག་ཐེར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཡོད། “སྐོར་གཟིགས་ལས་ཁུངས་ཀྱིས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ་དང་རང་འགུལ་ངང་མདུན་དུ་སྐྱོད་དེ་སྙན་ཞུ་ཉན་པ་དང་། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་དང་ངོ་ཐུག་གདོང་འཕྲད་ཀྱིས་བརྡ་ཁྱབ་གཏོང་བའི་ལམ་སྲོལ་འཛུགས་པ། སྐོར་གཟིགས་བྱས་རྗེས་དག་ཐེར་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་པ། སྐོར་གཟིགས་ཀྱི‘ཕྱིར་མིག་ལྟ་བ’སོགས་ཀྱི་བྱེད་ཐབས་སྤྱད་དེ་འགན་འཁྲི་བཀག་སྡོམ་མ་ལག་ཆགས་པར་བྱས་ནས། ལྟ་འདོམས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་སྟེ་སྐོར་གཟིགས་སྐོར་ཞིབ་ཀྱི་དག་ཐེར་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད”ཅེས་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད།
སྐོར་གཟིགས་སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་གྱི་ལས་དོན་གྱི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་ཆེད། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་གཞུང་དོན་ཁང་གིས་དམིགས་ཚད་ལས་འགན་དང་བཀོད་སྒྲིག་གཅིག་གྱུར་བྱས་ནས་མཉམ་དུ་ཤུགས་སྣོན་རྒྱག་པ་དང་བསམ་སྤྱོད་གཅིག་མཐུན་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག་ད་དུང《སྐོར་གཟིགས་སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་དེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐོར་གཟིགས་བྱེད་རིང་སྐོར་ཞིབ་ལས་དོན་ལ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་རྣམ་ཅན་ལ་འགྱུར་བར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྐོར་གཟིགས་ལས་ཁུངས་ཀྱི་གོང་འོག་མཉམ་འགུལ་བྱེད་རིང་གི་འགན་འཁྲི་གཙོ་བོ་དང་། ལས་འགན་གཙོ་བོ། ལས་ཀའི་གོ་རིམ་བཅས་ཁ་གསལ་བཟོས་ནས་སྐོར་གཟིགས་སྐོར་ཞིབ་ཀྱི་མཉམ་འགུལ་ལྟ་སྐུལ་དེ་བས་བདེ་བླག་དང་སྟོབས་ཤུགས་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ཡོད།