དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས།

    དམངས་ཕན་གྱི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    བརྗོད་དོན་གཙོ་བོའི་སློབ་གསོའི་རིང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱ་རྒྱུ་དེ་བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། དམངས་ཆེད་ཞིབ་དཔྱོད་བྱས་པ་དེ་མི་དམངས་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཁྱབ་གདལ་ཏན་ཏིག་བཏང་བས་མང་ཚོགས་བློ་ཡིད་ཚིམ་ཚད་94.74%ཟིན་ཡོད་པ་རེད།

    མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཆེད་ཞིབ་དཔྱོད་ཀྱི་ཁ་ལོ་བརྟན་པོ་བསྒྱུར་ཅིང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་བརྩེ་སེམས་དངོས་བཅངས་ནས་བཟའ་བཅའ་དང་སྨན་རྫས་དང་། ལས་ཀ་དང་ལས་ཞུགས། སློབ་གསོ་དང་སྡོད་ཁང་སོགས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་གྱོད་གཞི་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་གཞག་དྲང་བདེན་གང་ལེགས་ཚོར་ཐུབ་པ་བྱས་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གཙང་པོའི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང“སྟོང་ཁྲིའི་འདུ་འགོད”ཀྱི་ཉམས་མྱོང་དཔེ་མཚོན་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཡོད། ད་ལོ་ནས་བཟུང་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཁག་592བསྒྲུབས་ཏེ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ལ་ལན་ཡོད་པ་བྱས་པ་དང་། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་གྱོད་གཞི་65བསྒྲུབས་ནས་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའི་ཚོགས་སྤྱིར་སྲུང་སྐྱོང་དེ་བས་ནུས་ལྡན་བྱས་པ། རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་གང་ཐུབ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཉེས་གསོག་གི་གནོད་འཚེ་ཕོག་པ་དང་དམངས་དོན་གྱི་ཁེ་དབང་ལ་གནོད་འཚེ་ཕོག་ནས་འཚོ་བར་དཀའ་ངལ་འཕྲད་པའི་གནོད་འཚེ་ཕོག་མཁན་ལ་ཁྲིམས་འཛིན་ཐོག་ནས་རོགས་སྐྱོབ་བྱས་པ། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་81ལ་བདག་སྤྲོད་བྱས་པ་དང་རོགས་སྐྱོབ་དངུལ་སྒོར་ཁྲི་144.73སྤྲད་པ་རེད།

    བྱ་བ་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པས་དམངས་ཆེད་ཞིབ་དཔྱོད་ཀྱི་མི་སེམས་དྲོ་བའི་བྱ་བ་ལེགས་པར་བསྒྲུབས་ཤིང་། དམངས་ཕན་གྱི་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྔར་བས་ལྷག་པའི་སྒོ་ནས་དམངས་ཆེད་ཞིབ་དཔྱོད་བྱེད་པའི་གྲུབ་འབྲས་དངོས་ལ་ཧུར་ཐག་བསྒྱུར་ཡོད། 12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་ཀྱི་ཐད་འབྲེལ་ཁ་པར་གྱི་ལས་སྟེགས་གཅིག་སྡུད་བསྐྲུན་པ་དང་། “གཡང་འཛོམས”ཞབས་ཞུའི་ཐད་སྦྲེལ་ཁ་པར་བཙུགས་པ། གསོ་སྦྱོང་ལས་དོན་མི་སྣ་གཅིག་གྱུར་བསྡུས་ཏེ་མང་ཚོགས་ཀྱིས་བརྒྱབ་པའི་ཁ་པར་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་སྒོ་ནས་ལེན་མཁན་ཡོད་པ་བྱས་ནས་ཁྲིམས་སྒྱུར་འཇོན་ཐང་མི་འདང་བ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། ཀྲི་པུའུ་ཚན་པར་བྱས་ནས་ལས་ཐོག་ཏང་ཡོན“འབྱོར་ཐོ་གཉིས་འགོད”ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། རྩ་འཛུགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་58སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དུ་དམངས་ཕན་ཞབས་ཞུ་སྤེལ་བ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དབར་གྱི“གྲོགས་པོ་དང་གཉེན་ཉེ་སྒྲིག་པའི”བྱེད་སྒོ་སྤེལ་བ་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སེལ་རོགས་བྱས་པར་ཁྱོན་དམངས་ཕན་མ་དངུལ་སྒོར་ཁྲི་6.9ལྷག་ཙམ་བཏང་ཡོད། ན་སོ་དར་ལ་མ་བབས་པའི་མིའི་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོང་ལ་གཞི་ཚུགས་ཏེ་སྤྱི་བདེ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། སྨན་ཁང་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ཀྱི“གཅིག་འཐུས་རྣམ་པའི”གྱོད་གཞི་སྒྲུབ་གཉེར་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞི་འདྲི་རྩད་དང་། དཔང་འདོན། སྨན་བཅོས་བརྟག་དཔྱད། སེམས་ཁམས་ཁྲིད་སྟོན། སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་ལས་དོན་ས་ཆ་གཅིག་ནས་ཐེངས་གཅིག་ལ་སྒྲུབ་རྒྱུའི་འགན་ལེན་བྱས་ཡོད། ལྗོངས་མཐོ་རིམ་ཁྲིམས་ཁང་དང་། ལྗོངས་སྤྱི་བདེ་ཐིང་། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པ་དང་མཉམ་དུ“དམངས་དང་བློ་སེམས་གཅིག་ཏུ་སྒྲིལ། ཁྱེད་ལ་སྲུང་སྐྱོང་ལེགས་པར་བྱེད”ཅེས་པའི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འགོག་ཟོན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”སྲུང་སྐྱོང་ཡག་པོ་བྱས་པ་རེད།

    མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་དམངས་ཆེད་ཞིབ་དཔྱོད་ཀྱི“སེམས་སྦྲེལ་ཟམ་པ”ལེགས་པར་བསྐྲུན་ཞིང་། ཁང་གི་འགོ་ཁྲིད་ཀྱིས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་། གཤམ་ལ་བཅར་འདྲི་བྱེད་པ། བཅར་འདྲི་དང་བཞུགས་མོལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱས་པ་དང་བརྩེ་སེམས་དངོས་བཅངས་ནས་གནས་ཚུལ་ངོ་མ་ཤེས་ཐབས་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཐབས་ཇུས་འགོད་སྐབས་རིག་པ་དྭངས་གསལ་དང་། གནད་དོན་ལ་ལྟ་སྐབས་རིག་པ་གསལ་པོ། ལས་སྒོ་སྒྲུབ་སྐབས་འགན་འཁྲི་འཁུར་བ་བཅས་ཀྱི་འགན་ལེན་ཏན་ཏིག་བྱས་ཡོད། དུས་ཐོག་ཏུ་བརྗོད་དོན་གཙོ་བོའི་སློབ་གསོའི་འཕེལ་རིམ་གྱི་གནས་ཚུལ་དག་ཞིབ་དཔྱོད་ཀྱི་སྤྱི་བསྒྲགས་སྒྲོམ་དང་། 12309ཞབས་ཞུའི་ཚོམས་ཆེན། “སྐད་འཕྲིན་གཉིས་དང་དུད་སྣེ་གཅིག”གི་ལས་སྟེགས་སོགས་སུ་ཡོངས་བསྒྲགས་བྱས་ཏེ་ཁེངས་སྐྱུང་ངང་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་རང་འགུལ་ངང་མང་ཚོགས་ཀྱི་སྐྱོན་བརྗོད་དང་ལེན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་ཁ་གསལ་ཡོང་བའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།