དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

    ​འགན་ནུས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-16

    བརྗོད་དོན་གཙོ་བོའི་སློབ་གསོའི་རིང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་མི་དམངས་ལྟེ་བར་འཛིན་པ་དང་། འགན་ནུས་ཀྱི་ལེགས་ཆར་གཞི་ཚུགས་པ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བས་མང་ཚོཌ་བློ་ཡིད་ཚིམ་ཚད་98.3%ཟིན་ཡོད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས“གྲོང་གསེབ་དར་རྒྱས་གཏོང་བར་ཁྲིམས་སྐྱོང་མཉམ་དུ་འགྲོགས་པ”དང“བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་དམངས་འཚོར་ཕན་པ་སྐྲུན་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་བཅའ་ཁྲིམས་རོགས་སྐྱོར་གྱི“ཐོགས་མེད་བགྲོད་ལམ”ཤར་གཏོང་ཐུབ་པ་བྱས་ཏེ། ངལ་རྩོལ་རྩོད་གཞི་མཐུན་སྦྱོར་དང་ཐག་གཅོད་ཧུར་ཐག་བྱས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་བུད་མེད་དང་བྱིས་པ་དང་། དབང་པོ་སྐྱོན་ཅན། གཞོན་ནུ་ལོ་ཆུང་བཅས་ཀྱི་ཁེ་དབང་སྲུང་སྐྱོང་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་ཆེད་དོན་རོགས་སྐྱོར་བྱེད་སྒོ་རྒྱུན་མཐུད་སྤེལ་བར་ཁྲིད་སྟོན་བྱས་པ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་82སྒོ་བྱང་བཀལ་ནས་བཙུགས་པ། ཤང་དང་གྲོང་རྡལ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ས་ཚིཌ་254ཚོད་ལྟའི་ངང་སྤྱད་པ། ཁྲིམས་འཛིན་སུའོ་569ནུས་ལྡན་ངང་སྤྱད་པ། “ཁྲིམས་རྩོད་པ་མེད་པའི་རྫོང”དུ་ཁྲིམས་རྩོད་པའི་ལས་ཤག་འཛུགས་རྒྱུར་སྐུལ་འདེད་དང་ཁྲིམས་རྩོད་པས་གྲོང་ཚོའི(གྲོང་ལྷན)བཅའ་ཁྲིམས་བློ་འདྲི་བའི་འགན་འཁུར་རྒྱུར་ཁྲིད་སྟོན་བྱས་པར་གྲོང་ཚོ(གྲོང་ལྷན)2768ལ་བཅའ་ཁྲིམས་ཞབས་ཞུ་ཁྱབ་ཡོད།

    ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་གཞི་རིམ་གྱི་འདུམ་འགྲིག་རྩ་འཛུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། མི་དམངས་ཀྱི་འདུམ་འགྲིག་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། འདུམ་འགྲིག་བྱ་ཐབས་གསར་གཏོད་བྱེད་པ། འདུམ་འགྲིག་ཐབས་ལམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྐྱོང་བྱེད་ནུས་ཆེ་རུ་བཏང་ཡོད། ཟླ་6པའི་ཟླ་མཇུག་བར་ལྗོངས་ཡོངས་ནས་ཁྱོན་འགལ་ཟླ་དང་རྩོད་གཞི་ཐེངས་91899གྲལ་བཤེར་དང་། རྩོད་གཞི་3128འདུམ་འགྲིག་བྱས་པར་རྩོད་གཞི་3008འདུམ་འགྲིག་ཐུབ་ཅིང་། འདུམ་འགྲིག་ཐུབ་ཚད96%ཟིན་ནས་འགལ་ཟླ་གཞི་རིམ་ནས་དུས་ཐོག་ཏུ་སེལ་བ་དང་ཐོན་བཟོ་ཡོད་པའི་ས་ནས་སེལ་ཐུབ་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།