དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣ་དཀར་རྩེ་སྤྱི་བདེས་མེ་སྐྱོན་ལས་འཛོལ་ཞིག་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    འདི་ནི་མདོ་ཆོས་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས(གཡས་ཀྱི་དང་པོ)མང་ཚོགས་ལ་སེམས་གསོ་གཏོང་བཞིན་པ།

    འདི་ནི་མདོ་ཆོས་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མེ་གསོད་བཞིན་པ།

    “མགྱོཌ་པོ་ང་ཚོར་རོཌ་པ་བྱེད་རོཌ། ཁྱིམ་ལ་མེ་ཤོར་སོང” ཟླ་8ཚེས་13ཉིན་གྱི་ཆུ་ཚོད་15དང་སྐར་མ་31ཙམ་ལ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་མངཌ་གཏོང་ཁང་དུ་ཁོངས་གཏོཌ་ཁུལ་གྱི་མང་ཚོཌ་ཀྱི་རོཌ་སྐྱོབ་ཁ་པར་ཞིག་འབྱོར་བ་རེད།

    ཉེན་ཟོན་གནས་ཚུལ་ནི་བཀའ་རྒྱ་ཡིན་ཞིང་། ཉེན་བརྡ་འབྱོར་རྗེས་མདོ་ཆོས་ཤང་མངགས་གཏོང་ཁང་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་བསྐྱོད་པ་དང་། མི་དམངས་ཉེན་རྟོག་པས་མེ་གསོད་ཡོ་ཆས་འཁྱེར་ཏེ་དུས་ཐོག་ཏུ་མེ་སྐྱོན་ཚོད་འཛིན་བྱས་ཤིང་། རང་ཉིད་ཀྱི་བདེ་འཇགས་ལ་མི་བལྟོས་པར་སོལ་རླངས་དམ་བི་ཁང་པའི་ནང་ནས་བཏོན་པ་རེད། ནུས་ཤུགས་ཡོད་རྒུས་མེ་བསད་པ་བརྒྱུད་མང་ཚོཌ་ལ་གྱོང་གུན་ཕོག་མེད་པ་དང་། མི་སྣ་ཤི་རྨས་ཀྱང་བྱུང་མེད།

    མཇུག་མཐར། ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར། མིག་སྔར་ཚ་བ་ཆེ་ཞིང་སྐམ་ཤས་ཆེ་བས་མེ་སྐྱོན་ཧ་ཅང་ཐོན་སླ་པོ་ཡོད། རྒྱ་ཆེའི་མང་ཚོགས་ཚོས་མེ་དང་། ཆུ། སོལ་རླངས་བཅས་སྤྱོད་སྐབས་བདེ་འཇགས་ལ་གཟབ་གཟབ་བྱེད་དགོས་པ་མ་ཟད་ཁྱིམ་གྱི་འབར་གས་སླ་བའི་དངོས་རྫས་ལ་ཡང་དོ་སྣང་བྱེད་དགོས། མེ་གཏོང་སྐབས་རང་ཉིད་ཀྱི་མཐོང་ལམ་ནས་ཁ་བྲལ་མི་རུང་བར་མེ་སྐྱོན་ལ་སྣང་ཆེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།