དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།

    བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ལ་ཆེད་དོན་ཞིབ་བཤེར་ལྟ་སྐུལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    འདི་ནི་མང་ཚོགས་ཀྱིས་མཁོ་འདོན་བྱས་པའི་ཁུངས་སྣེར་དམིགས་ནས་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་འབྲེལ་ཨར་སྐྲུན་འགན་འཁུར་བ་དང་གྲོས་བསྡུར་བྱེད་བཞིན་པ།

    ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ལ་ཆེད་དོན་ལྟ་སྐུལ་ལས་དོན་སྤེལ་བ་རེད།

    གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ངས་དམ་འཛིན་བྱེད་པ”ནས“ཚང་མས་དམ་འཛིན་བྱེད་པར”སྐུལ་འདེད་བཏང་སྟེ་དམིགས་བསལ་གྱི་སྒྲིག་ཆས(གློག་སྐས)བདེ་འཇགས་ཀྱི་སྤྱི་ཕན་གཏུག་བཤེར་འགོ་འཛུགས་སར་བྱས་ནས་གློག་སྐས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་མུ་མཐུད་དམིགས་པ་དང་གྲ་ནང་གསོལ་མགྲོན་ཁང་དང་ལས་ཤག་ལ་དམིགས་ནས་ལྟ་སྐུལ་ལས་དོན་སྤེལ་བ་དང་གློག་སྐས་བེད་སྤྱོད་དང་། བདག་སྐྱོང་། ལྟ་འདོམས་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། འབྲེལ་ཡོད་མི་སྣ་དང་རྒྱུན་གཏན་གྱི་སྲུང་སྐྱོང་དང་ཉམས་བཟོའི་རྩིས་ཐོར་ཞིབ་བཤེར་གཏིང་ཟབ་བྱས་ནས་གློག་སྐས་ཀྱི་བརྟག་དཔྱད་མཚོན་རྟགས་ཀྱི་དུས་ཚོད་ཡོལ་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་ཞིབ་བཤེར་བྱས་པ་རེད།

    བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་ཧ་ཅང་ལྕི་བར་བརྟེན་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་གྱི་སྔོན་འགོག་དང་བཅོས་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲ་ནང་རྫོང་མི་རིགས་ལག་ཤེས་བཟོ་ལས་གླིང་འཛུགས་སྐྲུན་ལས་གྲྭ་དང་དེ་བཞིན་ལས་བཟོའི་སྡོད་ཁང་རྣམ་གྲངས་འཛུགས་སྐྲུན་ལས་གྲྭ་རེ་རེ་བཞིན་ལ་གྲལ་བཤེར་བྱས་པ་དང་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་བཟོ་པར་སྐད་ཆ་འདྲི་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། འཛུགས་སྐྲུན་ལས་གྲྭའི་ད་ལྟའི་གནས་ཚུལ་དང་དེ་བཞིན་བདེ་འཇགས་སྲུང་ཞྭ་གྱོན་ཡོད་མེད་དང་མཐོ་སར་ལས་ཀ་བྱེད་སྐབས་བདེ་འཇགས་སྒྲིག་ཆས་བཀོད་སྒྲིག་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་དང་ཤེས་རྟོགས་བྱས་པས། ཨར་པོ་བ་འགའ་ཞིག་གིས་བདེ་འཇགས་སྲུང་ཞྭ་གྱོན་མེད་པ་ཤེས་ནས་ཨར་སྐྲུན་ལས་གྲྭའི་འབྲེལ་ཡོད་འགན་འཁུར་བར་བདེ་འཇགས་དོ་དམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་བ་དང་བདེ་འཇགས་སྲུང་ཞྭ་ཡག་པོ་གྱོན་མེད་པ་སོགས་ཀྱི་བྱེད་སྤྱོད་ལ་དག་ཐེར་ནན་ཏན་བྱས་ནས་ཨར་པོ་བའི་བདེ་འཇགས་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།