དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • མེ་ཏོག་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས།

    “ཁེ་ལས་ལ་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས”བྱེད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དྲིལ་བསྒྲགས། མེ་ཏོག་རྫོང་གི་ཁེ་ལས་དང་དེ་བཞིན་ལས་མིའི་ཁྲིམས་སྐྱོང་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་སྔར་བས་ཁྲིད་སྟོན་བཅས་བྱ་ཆེད། མེ་ཏོག་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་བོད་ལྗོངས་ཁྲིམས་དཔྱད་ཁྲིམས་རྩོད་པའི་ལས་དོན་ཁང་དང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་ཁེ་ལས་ཀྱི་མི་སྣ་22སྒྲིག་འཛུགས་བྱས་ཏེ་ཁྲིམས་འཛིན་ཅུས་ཀྱི་གྲོས་ཚོགས་ཁང་དུ“ཁེ་ལས་ལ་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ནས་ཁྲིམས་སྐྱོང་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་རིང་བོད་ལྗོངས་ཁྲིམས་དཔྱད་ཁྲིམས་རྩོད་པའི་ལས་དོན་ཁང་གིས་དམངས་གཉེར་ཁེ་ལས་ཀྱིས་བཅའ་ཁྲིམས་སྤྱད་དེ་ཉེན་ཁ་འགོག་ཟོན་དང་ཁེ་ལས་ཀྱི་མི་སྤྱོད་ཐད་བཅའ་ཁྲིམས་སྤྱད་དེ་ཉེན་ཁ་འགོག་ཟོན་དང་དེ་བཞིན་ཐག་གཅོད་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་པ་རེད། གྱོད་དཔེར་བརྟེན་ནས་ཚང་མར་གསོན་ཉམས་དོད་པོས་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པར་བརྟེན་ཁེ་ལས་ཀྱི་ཉེན་ཁ་སེལ་ཐུབ་པ་མ་ཟད། ཁེ་ལས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་རོགས་རམ་ཐུབ་ཡོད།

    ད་ཐེངས་དྲིལ་བསྒྲགས་བྱེད་སྒོར་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་གླེང་མང་བའི་གནད་དོན་ལ་དམིགས་ནས་ཁྲིམས་སྐྱོང་འཆད་ཁྲིད་དང་། བཅའ་ཁྲིམས་དྲི་བར་ལན་རྒྱག་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་དྲིལ་བསྒྲགས་བྱས་པར་བརྟེན་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བཏོད་ཡོད། ཁེ་ལས་ཁག་གི་འབྲེལ་ཡོད་འགན་འཁུར་བས། ཁེ་ལས་ཀྱི་ལས་བཟོས་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཞིག་བྱས་ཏེ་བཅའ་ཁྲིམས་ཤེས་མཁན་ཞིག་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།