དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་ཚུལ་འདི་རིགས་ལ་སྣང་ཆུང་བྱེད་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན།

    ◆ ཁ་ལོ་བས་རླངས་འཁོར་མ་བཏང་གོང་རླངས་འཁོར་གྱི་ཉེ་འཁོར་ལ་ལྟ་ཞིབ་ཡག་པོ་བྱས་ནས་ལོ་ཆུང་བྱིས་པ་ཡོད་མེད་དོ་སྣང་ཡག་པོ་བྱེད་དགོས།

    ◆ རྐུབ་སྟེགས་ཀྱི་མཐོ་དམའ་ཚད་རན་པོ་བཟོ་དགོས་པ་དང་རླངས་འཁོར་གྱི་གློག་རྡུལ་ནུས་པར་བརྟེན་ནས་ཟུར་ཚང་མར་ཡག་པོ་བལྟ་དགོས།

    ◆ རླངས་འཁོར་གཏོང་སྐབས་རྒྱབ་མདུན་དང་གཡས་གཡོན་ལ་ཡག་པོ་བལྟ་དགོས། བྱིས་པ་ཡོད་སར་རླངས་འཁོར་གྱི་མྱུར་ཚད་དལ་དུ་བཏང་ནས་ཡིད་གཟབ་ངང་གཏོང་དགོས།

    སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དྲན་སྐུལ་བྱས་དོན།

    ཡུལ་སྐོར་དུ་སྐྱོད་པ་སོགས་མང་ཚོགས་ཕྱིར་སྐྱོད་མང་བའི་དུས་ལ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་ལས་འཛོལ་ཐོན་མང་བ།

    ◆ འགྲུལ་སྐྱེལ་ཁེ་ལས་ཀྱིས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ནན་པོ་འཁུར་ཐོག བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་བྱས་ནས་སྐྱེལ་འདྲེན་བདེ་འཇགས་ལ་འགན་ལེན་བྱེད་དགོས།

    ◆ འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་སྒྲིག་ཁྲིམས་སྲུང་བ་དང་། བདེ་འཇགས་དང་ཡ་རབས་ལྡན་པའི་སྒོ་ནས་འཁོར་རིགས་གཏོང་བ་ལས་ན་བའམ་ངལ་དུབ་སྐབས་རླངས་འཁོར་གཏོང་བ་དང་། མི་ཚད་ལས་བརྒལ་བ་བླུག་པ། མྱུར་ཚད་ལས་བརྒལ་བ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་གཏན་འགོག་བྱེད་དགོས།

    ◆ འགྲུལ་པས་ལམ་ཐག་ཧྲིལ་པོར་སྲུང་ཐག་ཡག་པོ་བཅིངས་དགོས།

    ཆར་པ་འབབ་སྐབས་ལམ་ངོས་སུ་འདྲེད་བརྡར་ཤོར་སླ་བ་དང་། མཐོང་ལམ་ཡག་པོ་མེད་པ། དེ་བས་དྲག་ཆར་བབས་ན་ཆུ་འཁྱིལ་བ་སོགས་ཀྱིས་འཁོར་གཏོང་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།

    ◆ ཆར་པ་འབབ་སྐབས་ངེས་པར་དུ་རླངས་འཁོར་གཟབ་གཟབ་བྱས་ནས་གཏོང་དགོས། འགྲོ་ལམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཡག་པོ་བྱས་ནས། རླངས་འཁོར་གྱི་མྱུར་ཚད་དལ་དུ་བཏང་སྟེ་བདེ་འཇཌ་ཀྱི་བར་ཐག་འཇོག་པ་ལས། རླངས་འཁོར་གྱི་ཟྭ་འདྲེད་མནན་ཆེ་དྲགས་པ་དང་ཁ་ལོ་ལམ་སེང་སྒྱུར་བ་བཅས་བྱེད་མི་རུང་།

    ◆ ཆུ་འཁྱིལ་བའི་ལམ་དུམ་དང་ཆུས་ཁེངས་པའི་ཟམ་ངོས་བརྒྱུད་སྐབས་ཉེན་བརྡའི་མཚོན་རྟགས་སམ་ཡང་ན་ལས་དོན་མི་སྣའི་མཛུབ་ཁྲིད་ལྟར་རླངས་འཁོར་ཁ་བཀག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ལམ་སྐོར་ནས་སྐྱོད་པ་ལས་བཙན་ཤེད་ཀྱིས་ཆུ་བརྒལ་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།