དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྟེང་ཆེན་རྫོང་གི་ཉེན་རྟོག་པས་མང་ཚོགས་ཀྱི་སྒྱུར་སྟངས་ནོར་བའི་དངུལ་ཚུར་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཟླ་7ཚེས་1ཉིན། སྟེང་ཆེན་རྫོང་ཞེ་གཞུང་ཤང་ཁོངས་གཏོགས་ཀྱི་གྲོང་མི་ཏེང་ཆེ་གེ་མོས་སྟེང་ཆེན་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ལ་རང་ཉིད་ཀྱིས་ཡིད་གཟབ་མ་བྱས་པར་སྒོར་5000མི་གཞན་ལ་སྒྱུར་སྟངས་ནོར་སོང་། ཕ་རོལ་པོ་ནི་མི་རྒྱུས་མེད་གཅིག་ཡིན་སྟབས། ག་བྱེད་འདི་བྱེད་མིན་འདུག མི་དམངས་ཉེན་རྟོག་པས་གང་མགྱོགས་ཕྱག་རོགས་གནང་རོགས་ཞེས་ཞུས།

    སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཞེ་གཞུང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རེ་ཞུ་འབྱོར་མ་ཐག་ལམ་སེང་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད། མི་དམངས་ཉེན་རྟོག་པས་སྒྱུར་སྟངས་ནོར་སའི་རྩིས་ཁྲར་བརྟག་དཔྱད་བྱས་པ་དང་དེ་ནས་དངུལ་ཁང་ལ་འབྲེལ་གཏུག་བྱས་ཏེ་ཕྱོགས་མང་པོ་ནས་བརྟག་དཔྱད་དཔང་འཚོལ་བྱས། ཡུན་རིང་མ་སོང་བར་དངུལ་སྒྱུར་སྟངས་ནོར་སའི་འབྲེལ་ཡོད་ཆ་འཕྲིན་དང་འབྲེལ་གཏུག་ཁ་པར་གཏན་འཁེལ་བྱུང་སྟེ། ཉེན་རྟོག་ཕྱོགས་ཀྱིས་འཕྲལ་མར་ཕ་རོལ་པོ་དང་འབྲེལ་བ་བྱས། ཕ་རོལ་པོར་མི་དམངས་ཉེན་རྟོག་པའི་ཁ་པར་འབྱོར་རྗེས། རང་ཉིད་ཀྱི་རྩིས་ཁྲར་སྒོར་5000རྩིས་སྒྱུར་བྱས་ཡོད་པ་མཐོང་བ་དང་། རང་འགུལ་ངང་དངུལ་ཕྱིར་སློག་རྒྱུའི་ཁས་ལེན་བྱས་ཤིང་། ཡུན་རིང་མ་སོང་བར་ཁ་ཆད་བཞིན་སྒོར་5000ཆད་ལྷག་མེད་པར་ཏེང་ཆེ་གེ་མོར་ཕྱིར་བསློགས།

    དངུལ་ཆད་ལྷག་མེད་པར་ལག་ཏུ་འབྱོར་རྗེས། ཏེང་ཆེ་གེ་མོའི་སེམས་པ་གཞི་ནས་ལྷོད་ལ་བབས། དེ་ནས་ཁོང་གིས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ལེགས་འབུལ་ཞུས། མི་དམངས་ཉེན་རྟོག་པས་ཀྱང་ཏེང་ཆེ་གེ་མོར་དྲ་ཐོག་ལས་སྟེགས་བརྒྱུད་ནས་དངུལ་སྒྱུར་སྐབས་ཕ་རོལ་པོའི་ཆ་འཕྲིན་ལ་ཞིབ་བསྡུར་ནན་ཏན་བྱས་རྗེས་གཞི་ནས་བསྐུར་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།