གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།
ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། མི་དམངས་ཉེན་རྟོག་ལས་བཟོ་དང་ཁོང་ཚོའི་ནང་མིའི་ལུས་སེམས་བདེ་ཐང་ལ་དོ་ཁུར་ཟབ་མོ་བྱས་ནས་མི་དམངས་ཉེན་རྟོག་པའི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་དང་བོད་ལྗོངས་སྤྱི་ཁྱབ་ས་ཚིགས་ཀྱིས་མཉམ་དུ་གཉེར་བའི་2023ལོ་འཁོར་གྱི“གཞི་རིམ་དུ་ནད་གཞི་བརྟག་དཔྱད་བྱས་ནས་སྨན་སྤྲོད་པའི”འོས་འགན་སྨན་བཅོས་བྱེད་སྒོ་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་སྤེལ་བ་རེད།
བྱེད་སྒོའི་ཁྲོད། ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་དང་ཧྲེན་ཀྲེན་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སྨན་ཁང་གི་སྙིང་ཁམས་ཁྲག་རྩ་དང་། སེམས་ཁམས་བློ་འདྲི། ཀྲུང་ལུགས་དངོས་ལུགས་གསོ་བཅོས་སོགས་ཆེད་ལས་20ལྷག་ཙམ་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་དང་རྐང་འཛིན་པ་12ལས་གྲུབ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པས་མི་དམངས་ཉེན་རྟོག་ལས་བཟོ་དང་ཁོང་ཚོའི་ནང་མི་དང་དེ་བཞིན་མང་ཚོགས་ཚོར་ཁྱོན་ཡོངས་ནས་ནད་གཞི་བརྟག་དཔྱད་བྱས་རྗེས། སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པས་གསེར་ཁབ་གདབ་པ་དང་མེ་བཙའ་འཇོག་པ་སོགས་བྱས་ནས་ཁོང་ཚོའི་མཇིང་ཚིགས་དང་སྒལ་ཚིགས་ན་བ་སོགས་རྒྱུན་མཐོང་གི་ལས་རིགས་ནད་གཞི་བཅོས་པ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། ཐེངས་འདིའི་བྱེད་སྒོར་ཁྱོན་མི་100ལྷག་ཙམ་ལ་ནད་གཞི་བརྟག་དཔྱད་བྱས་ནས་སྨན་ཡིག་100ལྷག་བྲིས་ཏེ། ཀྲུང་ལུགས་སྨན་རྫས་དང་རྒྱུན་སྤྱོད་སྨན་རྫས་རིགས་40ལྷག་ཙམ་རིན་མེད་ངང་སྤྲད་པ་མ་ཟད། ད་དུང་མི་དམངས་ཉེན་རྟོག་ལས་བཟོ་ཚོར་སྨན་བཅོས་བྱེད་ཐབས་སྔར་བས་འཚམ་པོ་དང་བདེ་ཐང་གྲོས་འགོ་སྔར་བས་ཡག་པོ་བཏོན་པ་རེད།