དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་ཁྲིམས་འཛིན་ཁང་གིས།

    གཞི་རིམ་ལ་ཞབས་འདེགས་ཞུ་བའི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་ཁྲིམས་འཛིན་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་ཚད་གཞི་མཐོ་བའི་དུས་རབས་གསར་པའི“ཧྥུང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ། ཕྱི་ནང་གཉིས་ཀར་གསོ་སྦྱོང་མཐའ་འཁྱོངས་དང་། ཁྲིམས་སྐྱོང་དཔུང་ཁག་སྟོབས་ཆེར་གཏོང་བ། ཞབས་ཞུའི་འབྲེལ་ཟམ་སྐྲུན་པ་བཅས་བྱས་ནས་ཁྲིམས་འཛིན་ཁང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

    ཕྱི་ནང་གཉིས་ཀར་གསོ་སྦྱོང་མཐའ་འཁྱོངས་བྱས་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། “ཧྥུང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”གཏོད་རྒྱུ་གོ་སྐབས་སུ་བྱས་ནས་ཁྲིམས་འཛིན་ཁང་གི“བར་ཁྱམས་གཅིག་དང་ལྟེ་གནས་གཅིག”གི་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རྫོང་དང་གྲོང་རྡལ་གྱིས་མཉམ་འབྲེལ་ཐོག་ཁྲིམས་འཛིན་ཁང་གི་གཞུང་དོན་སྒྲུབ་སའི་ཁང་པ་སྟར་པ་1དང་། ཁྲིམས་སྐྱོང་སྒྲོག་འགྲེལ་བར་ཁྱམས་1བསྐྲུན་ནས། དེར་མི་དམངས་ཀྱི་འདུམ་འགྲིག་དང་། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས། བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ནུས་པ་ལྡན་པའི་ས་ཁོངས་བཀོད་སྒྲིག་བྱས་པ་དང་། གྱང་ངོས་སུ་ལས་ཀའི་འགན་འཁྲི་དང་། ལས་སྒོའི་ལམ་ལུགས། ལས་ཀའི་བརྒྱུད་རིམ་སོགས་ཀྱི་སྤྱི་བསྒྲགས་བཀལ་ཡོད། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི“ཧྥུང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”གཏོད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཁྲིམས་འཛིན་ཁང་འཛུགས་སྐྱོང་ལ་རོགས་རམ་དང་མཛུབ་ཁྲིད་བྱས་ཏེ་འཛུགས་གཏོད་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ་རེད། ཁྲིམས་འཛིན་ཁང་དུ་ཏང་ཀྲི་པུའུ་བཙུགས་ནས་གྲོང་རྡལ་ལས་ཁུངས་དང་མཉམ་དུ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ཐེངས་22འཚོགས་པ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཐེངས་8སྤེལ་ནས་རྩ་འཛུགས་འཛུགས་སྐྱོང་གི་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

    ཁྲིམས་སྐྱོང་དཔུང་ཁག་སྟོབས་ཆེར་གཏོང་བ་དང་ལས་དོན་གྱི་སྟོབས་ཤུགས་ལ་འགན་ལེན་བྱས་ཤིང་།《ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཚོ་ཁ་གྲོང་རྡལ་གྱི་བྱ་ཐབས་འགའ་ཞིག》བཏོན་ནས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་བསྡུ་བ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་ཀྱི་བྱ་ཐབས་བརྒྱུད། ཁྲིམས་འཛིན་ཁང་གི་ལས་དོན་མི་སྣ་3བཀོད་སྒྲིག་བྱས་ཏེ་རྒྱུན་གཏན་གྱི་ལས་ཀ་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད། གཞི་རིམ་གྱི་ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“དྲ་མིག་ཅན་དང་བློ་རིག་འདུམ་འགྲིག་ཟུང་དུ་འབྲེལ་བའི”འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ལམ་སྲོལ་འཚོལ་ཞིབ་དང་ཁྱབ་གདལ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྲུན་ལས་སྟེགས་ལ་བརྟེན་པ། གྲོང་རྡལ་དང་གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”དང“དྲ་དཔོན”“དྲ་མིག་པ”སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་ནས། མི་དམངས་ཀྱི་འདུམ་འགྲིག་པ་86བཀོད་སྒྲིག་དང་། གྲོང་ཚོ(གྲོང་ལྷན)16ལ《ཡུལ་སྲོལ་དམངས་ཆིངས》བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་རོགས། མང་ཚོགས་ཀྱི་གནད་དོན་9ཐག་གཅོད་བྱེད་རོགས། “བཅའ་ཁྲིམས་གསལ་ཤེས་པའི”གསོ་སྦྱོང་དུས་ཐེངས་གཉིས་ལ་མི་33ལ་སྦྱོང་བརྡར་སྤྲོས་པ་བཅས་བྱས་པས“ཏང་སྲིད་དོ་དམ་དང་གཞི་རིམ་བཅོས་སྐྱོང”མཉམ་འདྲེས་དམ་ཟབ་བྱུང་ཡོད།

    ཞབས་ཞུའི་འབྲེལ་ཟམ་བཙུགས་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཤིང་། “ཁང་གཅིག་དང་ས་ཚིགས་དྲུག”གི་དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་ནས་ཁྲིམས་འཛིན་ཁང་དུ་གཞུང་དཔང་འབྲེལ་གཏུག་ས་ཚིགས་དང་། བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚིགས། འདུམ་གཅོད་ལས་སྒོའི་འབྲེལ་གཏུག་ས་ཚིགས། སྲིད་འཛིན་བསྐྱར་གྲོས་བློ་འདྲིའི་ས་ཚིགས། སྲིད་འཛིན་ཁྲིམས་སྒྱུར་བསམ་འཆར་བསྡུ་ལེན་ས་ཚིགས། ཁྲིམས་འཛུགས་དམངས་འདོད་བསྡུ་ལེན་ས་ཚིགས་བཅས་བཀོད་སྒྲིག་བྱས་པ་དང་། “གྲོང་ཚོ(སྡེ་ཁུལ)རེར་བཅའ་ཁྲིམས་བློ་འདྲི་བ་རེ”དང“གྲོང་ཚོ་རེར་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་རེའི”སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་མང་ཚོགས་ལ་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་ཡི་ཡོད། ཟམ་ཁ་སྡེ་ཁུལ་དུ“འདུམ་འགྲིག་དྲུག”གི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་། “འདུམ་འགྲིག་དྲུག”གི་འདུམ་འགྲིག་ཁང་གཞི་རྟེན་དུ་བྱེད་པ། “འདུམ་འགྲིག་དྲུག”གི་འདུམ་འགྲིག་པ་དང་ཏང་ཡོན་གདོང་ལེན་འདུམ་འགྲིག་པ་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་རྗེས་སྙེག་ཐག་གཅོད་དང་། འགུལ་རྣམ་དོ་དམ་ཚོད་འཛིན། མཐུན་སྦྱོར་མཉམ་འགུལ་བཅས་བྱས་ནས“དོན་ཆུང་གྲོང་ཚོ་ནས་སེལ་ཐུབ་པ་དང་དོན་ཆེན་གྲོང་རྡལ་ནས་སེལ་ཐུབ་པའི”བཅོས་སྐྱོང་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།