དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དཀའ་ངལ་ལ་མ་འཛེམས་པར་སྲོག་སྐྱོབ་སྦྱོང་བརྡར་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    དངོས་འཐབ་རིང་འབྲེང་ཐག་རོགས་སྐྱོབ་ལས་འགན་སྒྲུབ་རྒྱུ་ནི་གློ་བུར་རང་བཞིན་ཆེ་བ་དང་། ལག་རྩལ་གྱི་བླང་བྱ་མཐོ་བ། རོགས་སྐྱོབ་ཀྱི་དཀའ་གནད་ཆེ་བ། ཉེན་ཁ་ཆེ་བ་བཅས་ཡོད་པས། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འབྲེང་ཐག་རོགས་སྐྱོབ་ལག་རྩལ་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ལྟེ་བའི་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་མ་ཟད། འབྲུབ་འགོག་ཉེན་སེལ་དང་། བར་སྣང་གི་སྐྱོབ་རོགས། རི་ཁུལ་གྱི་རོགས་སྐྱོབ། ས་ཡོམ་གྱི་རོགས་སྐྱོབ་སོགས་གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ནང་ཐག་སྒྲོལ་རོགས་སྐྱོབ་ལག་རྩལ་དེ་སྟབས་བདེ་བ་དང་། མྱུར་བ། ལས་ཕྱོད་ཆེ་བ། བདེ་འཇགས་སོགས་ཀྱི་ཁྱད་ཆོས་ལྡན་པས་མྱུར་སྐྱོབ་ཀྱི་ལག་རྩལ་གཙོ་བོའི་གྲས་ཤིག་དང་མེ་ཟོན་མི་སྣ་ཚང་མས་ངེས་པར་དུ་ཤེས་དགོས་པའི་རོགས་སྐྱོབ་ཀྱི་རྩལ་ནུས་ཤིག་རེད།

    ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཐང་སྟོང་སྦྱོང་བརྡར་གྱི་གོ་སྐབས་སྤྱད་དེ་ལས་འགན་ལ་དམིགས་པ་དང་དངོས་འཐབ་ཀྱི་རྣམ་པ་མཐའ་འཁྱོངས་བྱས་ཏེ་རྐང་འཛིན་བཀོད་འཐབ་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པས་དངོས་འཐབ་ཅན་གྱི་སྦྱོང་བརྡར་གྱི་ཚ་རླབས་ཤིག་འཕྱུར་ཡོད། “ང་ཚོས་མཐོ་སར་འཛེག་སྐབས་ངེས་པར་དུ་ཨ་ལོང་ཡག་པོ་འགེལ་དགོས། རབ་བྱུང་ན་ཨ་ལོང་ཕྲག་པ་ལས་དམའ་མི་རུང”རྩལ་ཁྲིད་པས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་དངོས་འཐབ་དང་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། འགྲེལ་བཤད་དཔེ་སྟོན། ས་གནས་ས་ཐོག་ཏུ་བཀོལ་སྤྱོད་བཅས་ཟུང་འབྲེལ་བྱས་ཏེ་རྨང་གཞིའི་སློབ་ཁྲིད་དང་ཕྱོགས་བསྡུས་བཀོལ་སྤྱོད་ཟུང་འབྲེལ་བྱས་ནས་ཐག་པར་མདུད་པ་རྒྱག་སྟངས་སོགས་རྨང་གཞིའི་རང་བཞིན་གྱི་སློབ་ཚན་ཞིབ་ཕྲ་འཁྲིད་དེ་སྦྱོང་བརྡར་ནང་ཞུགས་མཁན་མེ་ཟོན་པའི་འབྲེང་ཐག་རོགས་སྐྱོབ་རྩལ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དེ་དང་ཆབས་ཅིག“རོགས་སྐྱོབ་ལ་གང་མཁོ་ན་དེ་ནང་སྦྱོང་བྱེད་པའི”རྩ་དོན་ལ་གཞིགས་ནས་འཕྲེད་སྒྲོལ་རོགས་སྐྱོབ་དང་། Tདབྱིབས་མ་ལག་གི་རོགས་སྐྱོབ།

    Vདབྱིབས་མ་ལག་གི་རོགས་སྐྱོབ་སོགས་ཕྱོགས་བསྡུས་སློབ་ཚན་གཙོ་གནད་ཐོག་སློབ་ཁྲིད་བྱས་ནས་སྦྱོང་བརྡར་ནང་ཞུགས་མཁན་མེ་ཟོན་པའི་དངོས་འཐབ་འཇོན་ཐང་ཆེ་རུ་བཏང་བ་རེད།

    འབྲེལ་ཡོད་མི་སྣས་གོམ་སྟབས་རྗེས་མར། ཉིང་ལག་རུ་ཁག་གིས་མུ་མཐུད་ཐང་སྟོང་དངོས་འཐབ་ཀྱི་འབྲེང་ཐག་སྦྱོང་བརྡར་བྱས་ནས་དཔུང་ཁག་གི་ཕྱོགས་བསྡུས་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་། འབྲེང་ཐག་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་རྩལ་ནུས་དང་བྱ་ཐབས་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། མཉམ་ལས་དམག་འཐབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མེ་ཟོན་མི་སྣས་མཁའ་དབྱིངས་དང་། རི་ཁུལ། ཆུ་ཁོངས་སོགས་རྙོག་འཛིང་ཆེ་བའི་རོགས་སྐྱོབ་ནང་ནུས་པ་གལ་ཆེན་འདོན་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།