དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣེ་གདོང་ཆུས་ཀྱིས་ཆེད་དོན་བཅོས་སྒྲིག་བྱེད་རིང་མི་11ལ་ཆད་པ་ཕོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    གྲོང་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་ནུས་ལྡན་དང་ཉུང་དུ་གཏོང་ཆེད། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་བྱས་ནས“ལས་འཛོལ་ཐོན་ཚད་ཉུང་དུ་དང་ལས་འཛོལ་ཚབས་ཆེན་ཚོད་འཛིན་ནན་པོ་བྱེད་པའི”ལས་དོན་དང“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐོ་ཕྲུག་གི་འགྲིམ་འགྲུལ་ཁྲིམས་འགལ་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད།

    བྱ་སྤྱོད་སྤེལ་རིང་། ཐོ་ཕྲུག་གི་ཁྲིམས་འགལ་བྱེད་སྤྱོད་11ཞིབ་བཤེར་ཐག་གཅོད་ཐུབ་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཐོ་ཕྲུག་གཏོང་མཁན་11སོ་སོར་དངུལ་ཆད་སྒོར་200བཏང་བ་རེད། གོམ་སྟབས་རྗེས་མར་སྣེ་གདོང་གི་འགྲིམ་འགྲུལ་ཉེན་རྟོག་པས་ཐོ་ཕྲུག་གི་འགྲིམ་འགྲུལ་ཁྲིམས་འགལ་ལ་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགྲོ་སྐྱོད་ལ་ཁོར་ཡུག་བཟང་པོ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།