དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • རང་ལྗོངས་ཀྱི་ས་གནས་མང་པོར“གཞུང་ཕྱོགས་ཡིན་ཁུལ་གྱིས་ཁ་བསླུས་རྒྱག་པའི”སྣང་ཚུལ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཉེ་ཆར། རང་ལྗོངས་ཀྱི་ས་གནས་མང་པོར“གཞུང་ཕྱོགས་ཡིན་ཁུལ་གྱིས་ཁ་བསླུས་རྒྱག་པའི”སྣང་ཚུལ་ཐོན་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོགས་ཟོན་ཆེར་སྐྱེད་བྱེད་དགོས།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ལ“སྤྱི་བདེའི་ཉེན་རྟོག་པ”ཡིན་ཁུལ་གྱིས་ཁ་བསླུས་བརྒྱབ་པའི་གནས་ཚུལ་ཐོན་ཞིང་། ཁ་བསླུས་རྒྱག་མཁན་གྱིས་རང་ཉིད“ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ”ཡིན་ཞེས་བཤད་དེ་ཁ་བསླུས་རྒྱག་ཡུལ་ལ་དེའི་མིང་འཁོད་པའི་དངུལ་ཁང་གཱ་ལ“བཙོག་དངུལ་གཙང་སྒྱུར་གྱི་གྱོད་གཞི”དང་འབྲེལ་བའི་དོགས་གཞི་ཡོད་པས་བརྟག་དཔྱད་ལ་གཞོགས་འདེགས་བྱེད་དགོས་ལུགས་དང་ཁ་བསླུས་རྒྱག་ཡུལ་ལ་QQགྲོགས་བཟང་ནང་འཛུལ་དགོས་ཚུལ་བཤད་པ་མ་ཟད། བརྙན་ཐུང་དང་ཁ་པར་ཐོག་ནས་ཁ་བསླུས་རྒྱག་ཡུལ་ལ“ཉེན་རྟོག་དཔོན་གྱི་ལག་ཁྱེར”སྟོན་པ་དང་། “ཁྲིམས་ལུགས་ཡིག་ཆ”གཏོང་བ། འཇིགས་སྣང་སྤྲོད་པ་བཅས་བྱས་ཏེ། ཁ་བསླུས་རྒྱག་ཡུལ་ལ་ལག་ཐོགས་ཁ་པར་ནས་དངུལ་ཁང་གི་APPསྤྱོད་པ་དང་བཅོལ་དངུལ“བདེ་འཇགས་རྩིས་ཁྲ”ཞེས་པར་གཏོང་དུ་བཅུག་མཐར་དངུལ་ཁ་བསླུས་ཤོར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁ་བསླུས་རྒྱག་མཁན་གྱིས་བརྒྱབ་པའི་ཁ་པར་ཨང་གྲངས་ཕལ་མོ་ཆེའི་འགོར“024”ཡོད་པ་དང་། ཁ་བསླུས་རྒྱག་མཁན་གྱིས་ཕ་རོལ་པོའི་མིང་དང་། ཐོབ་ཐང་ལག་ཁྱེར། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ས་གནས། ནང་ཁུལ་གྱི་ཁ་པར་ཨང་གྲངས་སོགས་ཀྱི་ཆ་འཕྲིན་མི་ནོར་བར་བཤད་དེ། ཁ་བསླུས་རྒྱག་ཡུལ་ལ་འཕྲལ་མར“སྤྱི་བདེའི་མི་དམངས་ཉེན་རྟོག་པ”ངོ་མ་ཡིན་པར་ཡིད་ཆེས་སྐྱེས་སུ་འཇུག་པས། རྒྱ་ཆེའི་གྲོང་མིས་དོགས་ཟོན་ཆེར་སྐྱེད་བྱས་ནས་ཁ་བསླུས་མི་ཕོག་པར་བྱེད་དགོས།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་མི་ཞིག་ལ་ཁ་པར་ཨང་གྲངས་0099594321399བྱས་པ་ཞིག་བཏང་ཡོང་སྟེ། རང་ཉིད་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཞིག་ཡིན། “ཁྱོད་ཀྱི་ཐོབ་ཐང་ལག་ཁྱེར་དེ་གྱོད་གཞི་ཞིག་དང་འབྲེལ་བ་ཡོད”པས་བརྟག་དཔྱད་ལ་གཞོགས་འདེགས་བྱེད་དགོས་ཚུལ་བརྗོད་ནས་ལས་བྱེད་པ་དང་མང་ཚོགས་ལ“འཐོམ་ཞྭ”གཡོགས་ཡོད།

    སྐད་འཕྲིན་ཚོགས་པར“བདེ་འཇགས་སློབ་གསོའི”སྦྲེལ་མཐུད་བྱ་ཡུལ་བཏང་ཚེ་ཡིད་ཆེས་རྒྱུ་ཡོད་དམ་ཞེ་ན། ཉེ་ཆར་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲཌ་པུའི་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་ལས་དོན་པ“ལི་ཧྲེན”ཡིན་པར་བརྫུས་ཏེ། ཚན་པར“བདེ་འཇགས་སློབ་གསོའི”སྦྲེལ་མཐུད་བྱ་ཡུལ་བརྒྱུད་གཏོང་བྱེད་དགོས་ཚུལ་བརྗོད་པ་རེད། བདེན་པ་ཡིན་མིན་བརྟག་དཔྱད་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཉེ་དུས་ལས་དོན་དེ་རིགས་སྤེལ་མེད་ལ། “ལི་ཧྲེན”ཟེར་བའི་མི་ཞིག་ཀྱང་མེད་ལུགས་བཤད།

    དེར་བརྟེན། འབྲེལ་ཡོད་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཆ་འཕྲིན་རྫུན་མར་ཡིད་ཆེས་གཏན་ནས་བྱ་རྒྱུ་མེད་པ་དང་ཆ་རྒྱུས་མེད་པའི་སྦྲེལ་མཐུད་བྱ་ཡུལ་དེ་བས་སྦྲེལ་རྒྱུ་མེད་པ་མ་ཟད། སྒེར་གྱི་ཁ་བསླུས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་APPདུས་ཐོག་ཏུ་ཕབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།