དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་ནས་ཁ་བསླུས་རྒྱག་མཁན་ཞིག་སྲིད་འཛིན་བཀག་ཉར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཉེ་ཆར་ལྷ་སའི་སྤྱི་བདེས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་ཁ་བསླུས་གྱོད་གཞི་ཞིག་རྩད་བཅད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གླིང་གཉིས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དུས་འགོའི་ལས་དོན་སྤེལ་རིང་ཤེས་རྟོགས་བྱུང་བར། ཀྲང་ཆེ་གེ་མོས་ཁོངས་གཏོགས་ཁུལ་གྱི་ཇ་ཁང་གཉིས་ཀྱི་བཅད་ཁང་དུ་མཱ་ཅང་འཕྲུལ་ཆས་དང་གནམ་པང་གི་ཤེལ་ཏོག་བསྒར་སའི་ཨི་ཁུང་ནང་བརྙན་ལེན་པར་ཆས་ཆུང་ཆུང་སྒྲིག་སྦྱོར་བྱས་ཏེ་ཁ་བསླུས་བརྒྱབ་པའི་བྱེད་སྤྱོད་ལྡན་པའི་དོགས་གཞི་ཡོད་པ་རེད།

    ཁུངས་སྣེ་ཤེས་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཇ་ཁང་དེ་གཉིས་པོར་འདྲི་རྩད་བྱེད་པར་བསྐྱོད་ཅིང་། བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པས་ཇ་ཁང་དེ་གཉིས་པོའི་བཅད་ཁང་གཉིས་ནས་མཱ་ཅང་འཕྲུལ་ཆས་དང་གནམ་པང་གི་ཤེལ་ཏོག་བསྒར་སའི་ཨི་ཁུང་ནང་བརྙན་ལེན་པར་ཆས་ཆུང་ཆུང་སྒྲིག་སྦྱོར་བྱས་པ་ཤེས་རྟོགས་བྱུང་ཡོད། དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་མར་ཀྲང་ཆེ་གེ་མོ་བཟུང་ནས་ཁྲིམས་ལ་སྦྱར་བ་རེད།

    འདྲི་རྩད་བྱས་པ་བརྒྱུད་ཀྲང་ཆེ་གེ་མོས་ཁ་བསླུས་རྒྱག་རྩིས་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ཁས་བླངས་པ་རེད། མིག་སྔར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། སྤྱི་བདེ་ལས་ཁུངས་ཀྱིས་ཀྲང་ཆེ་གེ་མོ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་མ་ཟད། ཉེས་གསོག་གི་ལག་ཆའང་གཞུང་བཞེས་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།