བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས།
མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་མེ་གསོད་རུ་མིས་བོད་ལྗོངས་ས་གཤིས་བརྟག་ཞིབ་སུའོ་ཡི་ལས་བྱེད་ལས་བཟོར་མེ་གསོད་སྟངས་སློབ་བཞིན་པ།
འདི་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་མེ་གསོད་རུ་མིས་མེ་གསོད་སྟངས་སློབ་བཞིན་པ།
ཁེ་ལས་ཚན་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་བོད་ལྗོངས་ས་གཤིས་བརྟག་ཞིབ་སུའོ་རུ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
“འདེགས་པ་དང་། འཐེན་པ། འཆང་བ། གནོན་པ་བཅས་མན་ངག་བཞི་པོ་ཡག་པོ་ངེས་པ” གོ་རིམ་དང་པོར་མེ་གསོད་ཡོ་བྱད་འདེགས་པ་དང་། གོ་རིམ་གཉིས་པར་ཉེན་འགོག་ལྕགས་སྐུད་འཐེན་པ། གོ་རིམ་གསུམ་པར་མེ་གསོད་སྙི་སྦུག་ལ་འཆང་ནས་མེ་སྦར་སའི་རྩ་བར་གཏོར་བ། གོ་རིམ་བཞི་པར་ནུས་ཤུགས་ཡོད་རྒུས་ལག་འཇུ་མནན་ནས་མེ་གསོད་སྐམ་ཕྱེ་གཏོར་བ”སོགས་ཀྱི་བྱེད་སྒོ་སྤེལ་རིང་། རུ་ཁག་དེའི་དྲིལ་བསྒྲགས་མི་སྣས་རྒྱུན་མཐོང་གི་མེ་མཆེད་པའི་གནས་ཚུལ་སྣ་མང་ཅན་དང་རྙོག་འཛིང་ཆེ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་མེ་སྐྱོན་གྱི་དཔེ་མཚོན་གྱོད་གཞི་དང་ཉེན་ཁ་ཆེ་བའི་མེ་གསོད་སྟངས་དང་། མེ་ཤོར་མ་ཐག་པའི་སྐབས་ཀྱི་མེ་གསོད་སྟངས་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ཡོད། དེ་དང་ཆབས་ཅིག་ཚན་པའི་མེ་ཟོན་བདེ་འཇགས་ཀྱི་རྒྱུན་གཏན་གྱི་མེ་ཟོན་ཞིབ་བཤེར་དང་། མེ་གསོད་དང་འཕྲལ་སྡོམ་ཁ་འགྲེམས་སྔོན་ཇུས་བཟོ་འགོད། མེ་གསོད་སྒྲིག་ཆས་ཇི་ལྟར་སྤྱོད་པ། མེ་སྐྱོན་ཐོན་རྗེས་ཀྱི་ཁ་འགྲེམས་སྲོག་མགོ་ཐོན་ཐབས་སོགས་ཀྱི་ནང་དོན་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། དེ་རྗེས་དྲིལ་བསྒྲགས་མི་སྣས་ད་དུང་ཐབ་ཚང་ནང་གི་སྣུམ་དམ་ལ་མེ་ཤོར་བ་དང་གཤེར་གྱུར་རླངས་པ་བླུགས་སྣོད་ལ་མེ་ཤོར་བ་སོགས་ཇི་ལྟར་བྱས་ནས་མྱུར་ལ་ནུས་ལྡན་ངང་གསོད་སྟངས་སློབ་པ་དང་། སྐམ་ཕྱེའི་མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་དང་དེ་བཞིན་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་འགྲེལ་བཤད་བརྒྱབ་པ། ཚན་པ་དེ་གའི་མི་སྣ་སྒྲིག་འཛུགས་བྱས་ནས་དངོས་སུ་བཀོལ་སྤྱོད་བྱེད་སྟངས་བསླབས་པ་རེད།
ད་ཐེངས་ཀྱི་དྲིལ་བསྒྲགས་གསོ་སྦྱོང་བྱས་པ་བརྒྱུད། ས་གཤིས་བརྟག་དཔྱད་སུའོ་ཡི་ལས་བྱེད་ལས་བཟོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་རེད། གོམ་སྟབས་རྗེས་མར་རུ་ཆེན་གྱིས་ཚན་པ་ཁག་ཏུ་མུ་མཐུད་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་མེ་ཟོན་དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་སྟེ། མི་དམངས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་རྒྱུ་ཡིན་པ་རེད