དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རང་རྒྱལ་གྱི་རིམ་པ་མང་བའི་བཟོ་ལས་དྲ་སྦྲེལ་ལས་སྟེགས་ཀྱི་མ་ལག་སྤྱིར་ན་གྲུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-12

    ཉེ་ཆར། 2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་དཔལ་འབྱོར་དངོས་མང་སྟོན་ཚོགས་ཧོ་པེ་ཧྲི་ཅ་ཀྲོང་དུ་འགོ་ཚུགས་ཤིང་། སྟོན་ཚོགས་ཐོག་ཁྱབ་བསྒྲགས་བྱས་པའི《2022ལོའི་རྒྱལ་ཡོངས་ཀྱི་བཟོ་ལས་དྲ་སྦྲེལ་ལས་སྟེགས་ཀྱི་བཀོལ་སྤྱོད་ཆུ་ཚད་གདེང་འཇོག་སྙན་ཞུའི》ནང་མིག་སྔར་རང་རྒྱལ་གྱི་ཕྱོགས་བསྡུས་རྣམ་པ་དང་། ཁྱད་ལྡན་ཅན། ཆེད་ལས་རྣམ་པ་བཅས་ཀྱི་རིམ་པ་མང་བའི་བཟོ་ལས་ཀྱི་དྲ་སྦྲེལ་ལས་སྟེགས་མ་ལག་སྤྱིར་ན་གྲུབ་ཡོད་ཅེས་བསྟན་ཡོད།

    རྒྱལ་ཁབ་བཟོ་འཕྲིན་བདེ་འཇགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཨུད་ཧྲུའུ་ཅི་ཅང་ཡན་གྱིས་སྙན་ཞུར་གསལ་འགྲེལ་བྱེད་སྐབས། རང་རྒྱལ་གྱི་བཟོ་ལས་ཀྱི་དྲ་སྦྲེལ་ལས་སྟེགས་ཀྱི་འཕེལ་རྒྱས་སྟོན་གྲངས་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་2022ལོར་251ཟིན་པ་དེ་དུས་མཚུངས་ལས་17%འཕར་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱི་བཟོ་ལས་ཀྱི་དྲ་སྦྲེལ་ལས་སྟེགས་དེ་གཞི་ཁྱོན་ཅན་གྱི་བེད་སྤྱོད་ཁྱབ་གདལ་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ལས་སྟེགས་ཀྱི་ལག་རྩལ་རྒྱུན་ཆད་མེད་པར་གསར་གཏོད་དང་། བཀོལ་སྤྱོད་ཐབས་ལམ་མགྱོགས་མྱུར་རྒྱ་ཆེར་གཏོང་བ་བཅས་དང་ཆབས་ཅིག་བཟོ་ལས་ཀྱི་དྲ་སྦྲེལ་ལས་སྟེགས་གསར་གཏོད་བཀོལ་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།