དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་རྡུལ་ཁྲལ་དོན་ཅུས་གསར་པ་སི་ཁྲོན་དུ་དྲ་ཐོག་ནས་ལས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཉེ་ཆར། རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་རྡུལ་ཁྲལ་དོན་ཅུས་གསར་པ་སི་ཁྲོན་དུ་དྲ་ཐོག་ནས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་རེད། རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་རྡུལ་ཁྲལ་དོན་ཅུས་གསར་པ་ནི་མིག་སྔར་ས་གནས་ཁག་ཏུ་སྤྱོད་བཞིན་པའི་གློག་རྡུལ་ཁྲལ་དོན་ཅུས་ཀྱི་རྨང་གཞིའི་ཐོག་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ལ་བརྟེན་པ་དང་། དྲ་ཐོག་དང་དྲ་ཕྱིའི་ལས་སྒོ་མཉམ་འདྲེས། དངོས་ཚན་དང་རྟོག་བཟོའི་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ནས་ཞབས་ཞུ་དེ་བས་རིག་ནུས་དང་། ཁྲལ་གཉེར་དེ་བས་ནུས་ཆེ། ལྟ་འདོམས་དེ་བས་གནད་སྨིན་བཅས་ལ་སྔར་བས་སྐུལ་འདེད་ཐུབ་པ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་བར་སྔར་བས་ལྷག་པའི་སྒོ་ནས་སྐུལ་མ་ཐེབས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་རྡུལ་ཁྲལ་དོན་ཅུས་གསར་པ་ཚོད་ལྟ་དང་པོ་བྱ་ཡུལ་ཞིང་ཆེན་སི་ཁྲོན་གྱིས་2022ལོའོ་ལོ་མཇུག་ཏུ་ཚོད་ལྟ་བྱེད་འགོ་ཚུགས་པ་ནས་བཟུང་། ནུས་པ་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མ་ལག་རིམ་སྤོར་རིམ་འཇུག་བཅས་བྱས་པ་དང་ཆབས་ཅིག གོ་རིམ་ལྡན་པའི་ངང་ཁྱབ་ཁོངས་རྒྱ་ཆེར་བཏང་བར་བརྟེན། ཉེ་ཆར་ཞིང་ཆེན་ཡོངས་ཀྱི་ཁྲལ་འཇལ་མཁན་ཡོད་དོ་ཅོག་ལ་ཁྱབ་ཡོད། གོམ་སྟབས་རྗེས་མར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཞིང་ཆེན་ཁག་གི་དྲ་ཐོག་ཏུ་རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་རྡུལ་ཁྲལ་དོན་ཅུས་གསར་པར་སྐུལ་འདེད་བརྟན་པོ་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ནས་ཁྲལ་འཇལ་ཁྲལ་བསྡུའི་ལས་ཕྱོད་ཆེ་རུ་གཏོང་བ་དང་། ཁྲལ་གྲོན་སྲིད་ཇུས་དོན་འཁྱོལ་གྱི་ཕན་འབྲས་ལེགས་སུ་གཏོང་བ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།