དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཉིང་ཁྲིའི་ཁྲག་མཛོད་ལ་ཁྲག་མི་འདང་བས་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཁྲག་སྦྱིན་པར་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    པར་འདི་གཉིས་ནི་ཁྲག་སྦྱིན་པར་འབུལ་ཡུལ་ཡིན་པ།

    ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཁྲག་མཛོད་ཀྱི“གྲོང་ཁྱེར་ལྟེ་བའི་ཁྲག་མཛོད་ལ་ཁྲག་འདང་གི་མི་འདུག”ཅེས་པའི་གནས་ཚུལ་དེས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ཉིང་ལག་རུ་ཁག་གི་དཔོན་དམག་ཚོའི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས། ཉིང་ལག་རུ་ཁག་ལ་ཁྲག་མཛོད་དེའི་ཛ་དྲག་རོགས་སྐྱོར་རེ་ཞུའི་ཁ་པར་འབྱོར་མ་ཐག ཉིང་ལག་རུ་ཁག་གིས་དང་ལེན་ཧུར་ཐག་ཞུས་ནས་དཔོན་དམག་རྣམས་རིན་མེད་ཁྲག་སྦྱིན་གྱི་བྱེད་སྒོར་ཞུགས་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱས་པ་རེད།

    ཕྱི་དྲོའི་ཆུ་ཚོད་16ཙམ་ལ་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཁྲག་མཛོད་ཀྱི་རླངས་འཁོར་དམག་སྒར་དུ་དལ་བུར་བཏང་ཡོང་བ་དང་ཉིང་ལག་རུ་ཁག་དེའི་དཔོན་དམག་ཚོས་སྔ་ས་ནས་རུ་སྟར་རིང་པོ་བསྒྲིགས་ཏེ་བསྒུགས་ནས་བསྡད་ཡོད། རུ་སྟར་བསྒྲིགས་ནས་མིང་ཐོ་འགོད་པ་དང་། དང་བླངས་ཤོག་བྱང་འབྲི་བ། ཁྲག་རིགས་ལ་བརྟག་དཔྱད་བཅས་ཚང་མ་གོ་རིམ་ལྡན་ཞིང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པ་དང་དམག་མི་རྒན་གྲས་དང་དམག་གསར་ཚོས་འཚང་ཁ་ཤིག་ཤིག་ངང་ཞུགས་ནས་སྨན་དོན་མི་སྣར་ཆ་འཕྲིན་འཚོལ་བསྡུ་བྱེད་པར་གཞོགས་འདེགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཉིང་ལག་རུ་ཁག་དེའི་དཔོན་དམག་ཚོ་རྒྱུན་དུ་འཕྲལ་སྡོམ་ཁྲག་སྦྱིན་ནང་ཞུགས་ཀྱི་ཡོད་དེ། 2020ལོའི་ཟླ་4ཚེས་10ཉིན་གྱི་ཕྱི་དྲོའི་ཆུ་ཚོད་14དང་སྐར་མ་30ཙམ་ལ་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་ཁ་ལོ་བ་ཞིག་ལ་གློ་བུར་དུ་ནད་གཞི་ཕོག་ནས་ཚེ་སྲོག་ལ་ཉེན་ཁ་འཕྲད་པས་ཁྲག་རིགས་Oའབོར་ཆེན་མཁོ་གི་ཡོད། མྱུར་སྐྱོབ་ཀྱི་གནས་ཚུལ་ཤེས་རྗེས། ཉིང་ལག་རུ་ཁག་དེའི་དཔོན་དམག་གིས་རང་འགུལ་ངང་འཕྲལ་སྡོམ་ཁྲག་སྦྱིན་ནང་ཞུགས་རྒྱུའི་རེ་བ་བཏོན་པ་དང་། འཕྲལ་དུ་ནད་པར་ཁྲག་སྦྱིན་ནས་ཉེན་ཁ་ཁྱད་བསད་བྱས་པ་རེད། ཟླ་4ཚེས་12ཉིན་གྱི་ཕྱི་དྲོར་བཀའ་དྲིན་བསམ་པའི་ནད་པའི་ནང་མིས“དམངས་ཀྱི་ཆེད་དུ་སེམས་ཁྲལ་བསལ། སེམས་པ་མི་སེར་ལ་ཕྱོགས”ཞེས་འཁོད་པའི་གོས་དར་ཉིང་ལག་རུ་ཁག་ཏུ་བསྐྱལ་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།