དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས།

    2023ལོའི་ཕྱི་རོལ་ནང་སྦྱོང་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    པར་འདི་དག་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་ཕྱི་རོལ་ནང་སྦྱོང་བྱ་ཡུལ་ཡིན་པ།

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་ཕྱི་རོལ་ནང་སྦྱོང་བྱ་ཡུལ་དུ་མེ་གསོད་རུ་མིས་ཕན་ཚུན་གཞོགས་འདེགས་ཧུར་ཐག་དང་སྟབས་བདེ་ལ་ནུས་པ་ལྡན་པའི་སྤེལ་རེས་བྱས་ཤིང་། ལ་ལས་གུར་བཤིག་པ་དང་། ལ་ལས་རོགས་སྐྱོབ་སྒྲིག་ཆས་འདོན་འཇུག ལ་ལས་རླངས་འཁོར་གྱི་བདེ་འཇགས་ལ་ཞིབ་བཤེར་སོགས་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་མེ་གསོད་རུ་མིས་དུས་ཡུན་ཉིན་16གི་ཕྱི་རོལ་ནང་སྦྱོང་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱས་པ་དང་། ཁོང་ཚོས་ཕྱི་རོལ་ནང་སྦྱོང་ཁྲོད་ཀྱི་རྩ་ཆེའི་ཉམས་མྱོང་དང་རྩལ་ནུས་དག་ལ་བརྟེན་ནས་མུ་མཐུད་དུ་ཆབ་མདོ་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་པ་རེད།

    ཉིན་16རིང་གི་ཕྱི་རོལ་ནང་སྦྱོང་ལ་ཕྱིར་དྲན་བྱེད་སྐབས། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་དུས་ཚིགས་ཀྱི་གནོད་འཚེའི་ཁྱད་ཆོས་ལ་དམིགས་ཏེ། དངོས་འཐབ་ཅན་གྱི་ནང་སྦྱོང་འདུ་ཤེས་བརྟན་པོར་བཙུགས་ཤིང་། མེ་སྐྱོན་དང་། རི་ཉིལ་བ། ཆུ་སྐྱོན། ས་ཡོམ་སོགས་ཀྱི་རོགས་སྐྱོབ་ལ་དམ་པོར་དམིགས་ནས་དངོས་འཐབ་ཅན་གྱི་ནང་སྦྱོང་བྱས་ཏེ་དངོས་ཡོད་རོགས་སྐྱོབ་ལས་འགན་ཁྲོད་ཀྱི་མེ་གསོད་རུ་མིའི་ཁ་གཏད་གཅོག་ནུས་ཆེ་རུ་བཏང་བ་རེད།

    ནང་སྦྱོང་བྱེད་རིང་མེ་གསོད་རུ་མིས་ས་བབ་མཐོ་བ་དང་། གཡང་གཟར་བྲག་རི། རྙོག་འཛིང་ཆེ་བའི་གནམ་གཤིས་སོགས་ཀྱི་ཁོར་ཡུག་ངན་པའི་མདུན་དུ་ཞུམ་མེད་ཀྱི་སྙིང་སྟོབས་དང་འགན་འཁུར་ཕོད་པའི་གཤིས་རྒྱུད་མངོན་ལ། འཕྲལ་སྡོམ་རོགས་སྐྱོབ་ལས་འགན་ཁྲོད་ཀྱི་དཀའ་ཚེགས་སྣ་ཚོགས་ལ་ཁ་གཏད་གཅོག་ཆེད། ཁོང་ཚོས་ཚ་གདུག་ཆེ་བའི་དབྱར་ཁར་དུས་ཚོད་རིང་པོར་ལུས་སྦྱོང་རྩལ་སྦྱོང་བྱས་ནས་རྩལ་ནུས་ལ་སྦྱོང་བརྡར་བྱས་པ་མ་ཟད། རང་ཉིད་ཀྱི་བསམ་པའི་སྟོབས་ཤུགས་ལ་ཞུན་བརྡར་དང་ལུས་པོའི་བྱང་ཚད་ལ་སྦྱོང་བརྡར་སྤྲས་པ་རེད།

    གཞན་ཡང་མེ་གསོད་རུ་མིས་ད་དུང་ནང་སྦྱོང་གི་བར་གསེང་དུ་ནང་སྦྱོང་བྱ་ཡུལ་གྱི་ཉེ་འཁོར་ས་ཁོངས་སུ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ས་གནས་དེ་གའི་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་དང་མེ་གསོད་ནུས་པ་ཆེ་རུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།