མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་བོད་ལྗོངས་མཉམ་དུ་སྐྲུན་པ།
ལོ་ལྟར་གྱི་ཟླ་9པ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་རེད། འདི་ལོ་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་སྤེལ་བས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ནང་ཞུགས་པའི་སྤྲོ་སེམས་དང་། ཡིད་ཆེས། ཆོད་སེམས་བཅས་སྔར་བས་འཕེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། འདི་ནི་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཆབ་སྲིད་ཁྲུའི་ཚེ་དབྱངས་ཀྱིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་བོད་ལྗོངས་མཉམ་དུ་སྐྲུན”ཞེས་པའི་འགྲེམས་པང་གི་ནང་དོན་མང་ཚོགས་ལ་འགྲེལ་བཤད་རྒྱག་བཞིན་པ།